ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་གློག་བརྙན་ཞིག་ལ་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ངོ་རྒོལ།


༄༅།། ༢༠༢༠་ལོར་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཨ་མི་རི་ཀའི་གློག་བརྙན་ཞིག་འཁྲབ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་མཚམས་འཇོག་གྲབས་སུ་གྱུར། ད་ལྟ་གློག་བརྙན་དེ་བཟོ་སྐྲུན་ལེགས་གྲུབ་བྱུང་སྟེ་རྒྱལ་སྤྱིའི་ཐོག་ཏུ་སྟོན་བཞིན་ཡོད་ཅིང་། འོན་ཀྱང་གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་གཙོ་བོ་ཁི་ནུ་རཱི་ཝེ་སི་ཕྱི་ཟླ་༣་པར་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་བོད་ཁང་དུ་འཚོགས་འཆར་ཡོད་པའི་རོལ་དབྱངས་འདུ་འཛོམ་ཞིག་ལ་མཉམ་ཞུགས་བྱ་འཆར་ཡོད་པ་ཤེས་རྟོགས་བྱུང་སྟེ་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཨ་རིའི་གློག་བརྙན་དེ་སྟོན་མཚམས་འཇོག་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༢༤
please wait

No live streaming currently available

0:00 0:00 Live
XS
SM
MD
LG