ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་མི་རི་ཀས་ཨི་སི་རལ་དང་པ་ལི་སི་ཐན་གྱི་གྲོས་མོལ་ལ་བར་འདུམ།


ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་བྷན་ཇེ་མེན་ཧཕུ་རན་ཁུ་ལེན་ཚོམ་ཆེན་དུ་ཨི་སི་རལ་དང་པ་ལི་སི་ཐན་གྱི་འགོ་ཁྲིད་ཚོས་ཞི་བའི་གྲོས་མོལ་ཐད་ཀར་བྱས་པ་དང༌། ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁེ་ལིན་ཀྲོན་གྱིས་ཨ་མི་རི་ཀས་ལོ་གཞུག་མ་ཙམ་ལ་ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་ཆོད་སེམས་བཅངས་ཡོད། འོན་ཀྱང་ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུ་ཡིན་མིན་དེ་ནི། ཨི་སི་རལ་གྱི་སྲིད་བློན་ཎེ་ཐན་ཡ་ཧུ་དང་པ་ལི་སི་ཐན་གྱི་སྲིད་འཛིན་ཨ་བྷ་སི་གཉིས་ལ་ཐུག་ཡོད་པ་དང༌། ཨ་མི་རི་ཀས་རང་གི་ལངས་ཕྱོགས་དང་ལྟ་བ་རྣམས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཐོག་ཏུ་བཙན་འགེལ་བྱེད་འདོད་མེད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG