ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་ནི་ཨ་རིར་ཉེན་ཚབས་ཆེ་ཤོས་བཟོ་མཁན་ཞིག་ཡིན་པའི་ངོས་འཛིན།


༄༅།། ཨ་མི་རི་ཀའི་གསང་བའི་མི་སྣ་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཁག་གཞིར་བཞག་ནས་ལོ་ལྟར་ཨ་མི་རི་ཀའི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་སྙན་ཐོ་རེ་འདོན་སྲོལ་ཡོད་པ་དེར་འཁོད་པ་ལྟར་ན། ཨ་མི་རི་ཀ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་མཁན་གཙོ་བོ་ནི་རྒྱ་ནག་ཡིན་པ་གསལ་སྟོན་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་གནམ་མཚོ་གཉིས་ནས་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་ཁོངས་དང་གླིང་ཚོམ་ཁག་གི་བདག་དབང་རྩོད་ལེན་གྱི་ལས་དོན་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་དབང་སྒྱུར་བྱ་ཐབས་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གིས་འཛམ་གླིང་ལ་སྣེ་ཁྲིད་བྱ་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་འདུག་ཅེས་བཀོད་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG