ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་གྱི་ཟིང་འཁྲུག་ལ་སྐྱོན་བརྗོད།


ཡུཀ་རེན་གྱི་རྒྱལ་སར་ཁ་གཏད་ཚོགས་པའི་རྒྱབ་སྐྱོར་པ་དང་གཞུང་གི་དྲག་ཆས་ཉེན་རྟོག་པ་ཚོ་འཁྲུག་རྩོད་བྱུང་ནས་མི་གསོད་ཁྲག་སྦྱོར་དང་ཁང་པ་མེར་བསྲེགས། ཡུཀ་རེན་གྱི་རྒྱལ་ས་དེ་འཛམ་གླིང་ཁྱོན་ཡོངས་ལ་དམག་ས་ལྟ་བུ་ཞིག་སྣང་རུང་། ཡུཀ་རེན་གྱི་གཞུང་དང་ཁ་གཏད་ཚོགས་པའི་འགོ་ཁྲིད་ཚོས་མི་གསོད་ཁྲག་སྦྱོར་དང་མེར་སྲེག་གཏོར་བཅོམ་གྱི་ལན་ཁག་དེ་དག་སུ་ལ་ཡོད་མེད་ཕན་ཚུན་གཡོག་རེས་བྱེད་ཀྱི་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་མི་གསོད་ཁྲག་སྦྱོར་དང་མེར་སྲེག་གཏོར་བཅོམ་གྱི་ལན་ཁག་གཙོ་ཆེ་བ་ཡུཀ་རེན་གྱི་གཞུང་ལ་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།
XS
SM
MD
LG