ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འགྲན་རྩོད་ནང་ཞུགས་མཁན་འོས་མིའི་དབར་གྱི་འགྲན་རྩོད་ཆེ་བ་གཞན་ཞིག་ནི་དེ་རིང་བྱང་ཤར་ཁུལ་གྱི་མངའ་སྡེ་ལྔའི་ནང་དུ་གནང་བཞིན་པའི་སྔོན་འགྲོའི་འོས་བསྡུ་དེ་ཡིན་པ་དང་། དེའི་གྲུབ་འབྲས་ལས་ད་བར་སྲིད་དོན་ཚོགས་པ་གཉིས་ཀྱི་རྩེ་ཕུད་འོས་མིའི་ནང་ནས་སུ་ལ་མཐའ་མའི་རྒྱལ་ཁ་ཐོབ་མིན་གྱི་ཐག་གཅོད་ཐག་ཉེ་རུ་འགྲོ་རྒྱུ་ཡིན་པ་རེད། མི་མང་གི་བསམ་ཚུལ་བསྡུ་ལེན་ལ་གཞིགས་ན་བྱང་ཤར་མངའ་སྡེ་ལྔའི་ནང་གི་འོས་བསྡུའི་སྐབས་སུ་སྤྱི་མཐུན་སྲིད་དོན་ཚོགས་པའི་འོས་མི་སྐུ་ཞབས་ཌོནར་ཌོམ་དང་། མང་གཙོ་སྲིད་དོན་ཚོགས་པའི་འོས་མི་ལྕམ་ཧི་ལ་རི་ཀི་ལིན་ཀྲོན་ལ་རྒྱལ་ཁ་ཐོབ་རྒྱུའི་རྣམ་པ་ཡོད།།