ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་དྲུག་བཞི་ལས་འགུལ་ལ་རྗེས་དྲན་ཞུ་འཆར།


༄༅།། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ཚན་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་བྷི་འོ་མི་ལར་གྱིས་ཕྱི་ཟླ་༥་པའི་ཚེས་༢༩་ཉིན་གསལ་བསྒྲགས་ཤིག་སྤེལ་བ་དེར་འཁོད་པ་ལྟར་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ཟླ་༦་པའི་ཚེས་༣་དང་རྒྱ་ནག་ལ་ཕྱི་ཟླ་༦་པའི་ཚེས་༤་འགོ་ཚུགས་པའི་དུས་ཚོད་དེར་མར་མེའི་ཚོགས་འཛོམས་ཤིག་བྱས་ནས་རྒྱ་ནག་ལ་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལངས་ཏེ་ལོ་༣༡་འཁོར་བའི་དུས་དྲན་ལ་སྲུང་བརྩི་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG