ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་གཞུང་གིས་འདེམས་ཐོན་སྲིད་སྐྱོང་ལ་རྟེན་འབྲེལ་ཞུས་པ།


༄༅།། ཕྱི་ཟླ་༥་པའི་ཚེས་༡༥་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནེ་ཌི་ཕེ་རི་སིས་༢༠༢༡་ལོའི་འདེམས་ཐོན་སྲིད་སྐྱོང་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུས་འདུག

ཁོང་གིས་སྐུ་ཞབས་སྤེན་པ་ཚེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ཨ་མི་རི་ཀས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་རྟེན་འབྲེལ་ཞུ་རྒྱུ་ཡིན། ང་ཚོས་ཁོང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་དུ་ལས་དོན་མཉམ་སྒྲུབ་བྱས་ནས་འཛམ་གླིང་ཡོངས་ཀྱི་བོད་པའི་ཁ་ཐོར་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་སྤེལ་འདུག

XS
SM
MD
LG