ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཞུགས་མི་ཆོག་ཟེར།


༄༅།། རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་སུ་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར་ཨ་མི་རི་ཀའི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཐེ་ཝན་ལ་རིམས་ནད་སྔོན་འགོག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཉམས་མྱོང་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁྱབ་སྤེལ་འོས་པ་ཞིག་ཡིན། ཨ་མི་རི་ཀས་གང་ཐུབ་ཀྱིས་རང་དང་ལྟ་སྤྱོད་མཐུན་པའི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་གིས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་མི་ཆོག་ཅེས་བཀག་འགོག་བྱེད་ཀྱི་ཡོད་པར་གདོང་ལེན་བྱ་དགོས། ང་ཚོས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསལ་སྟོན་གནང་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་ཀྲུང་ཁྲང་ཕང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG