ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

སྲིད་འཛིན་བྷའི་ཊན་ཆེས་མཐོའི་ལྷན་ཚོགས་གཉིས་ལ་ཆེད་ཕེབས་གནང་བའི་སྐབས་ཨ་རྒྱ་གཉིས་ཀྱི་དཀའ་རྙོག་གསལ་སྟོན་ཡོང་རྒྱུ།


༄༅། ཨ་རི་དང་རྒྱ་ནག་ཕན་ཚུན་བདེ་སྲུང་དང་ཚོང་དོན། གནམ་གཤིས་ཀྱི་དཀའ་ངལ། ཏོག་དབྱིབས་ནད་ཡམས་སོགས་ཀྱི་གནད་དོན་མང་པོའི་ཐད་མི་མཐུན་པའི་འགལ་བ་ཆེན་པོ་ཡོད་བཞིན་པ་དང་། རིང་མིན་སྲིད་འཛིན་Biden ཆེས་མཐོའི་ལྷན་ཚོགས་གཉིས་ལ་ལྷན་ཞུགས་གནང་བའི་སྐབས་སུ་ཡང་ཨ་རྒྱ་གཉིས་ཀྱི་དཀའ་རྙོག་ཁག་གསལ་སྟོན་གནང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། ཚོགས་ཆེན་དེ་རིགས་སྐབས་སུ་མི་རི་ཀ་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་ཉེན་ཁར་གདོང་ལེན་ཇི་ལྟར་བྱ་དགོས་པའི་ཐད་སྲིད་འཛིན་Biden མཆོག་གིས་དོ་སྣང་ཤུགས་ཆེ་གནང་སྲིད་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རིག་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།


XS
SM
MD
LG