ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སློབ་གྲྭ་ཁག་ལ་རྒྱ་ནག་གི་སློབ་ཕྲུག་ཇེ་མང་།


ད་ལོ་དབྱར་ཀའི་གུང་སེང་རྫོགས་ཏེ་ཕྱི་ཟླ་༩་ནང་ ཨ་རིའི་སློབ་གྲྭ་ཁག་བསྐྱར་དུ་ཚུགས་པའི་སྐབས་སུ་རྒྱ་ནག་ནས་ཡོང་བའི་ སློབ་ཕྲུག་གི་གྲངས་འབོར་ཧ་ཅང་ཇེ་མང་དུ་སོང་ཡོད་ཅིང་། དེང་སྐབས་རྒྱ་ནག་གི་འབྲིང་རིམ་མི་མང་གི་འཚོ་བའི་གནས་སྟངས་བཟང་དུ་ འགྲོ་ཡི་ཡོད་པས། ཕ་མ་ཚོས་རང་གི་བུ་ཕྲུག་ལ་མདུན་ལམ་དང་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་འཐོབ་པར་འགྲོ་གྲོན་ཕོན་ཆེན་བཏང་སྟེ་ཨ་མི་རི་ཀ་ལ་སོགས་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ལ་གཏོང་གི་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཤ་རོན་ཝོན་གྱིས་སྤེལ་བའི་གནས་ཚུལ་དེ་ ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG