ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིས་རྒྱ་ནག་དང་འབྲེལ་བའི་ཆེད་དུ་ཉི་ཧོང་བློས་གཏོང་རྒྱུ་་མིན་ཞེས་གསུང་པ།


ཨ་རིའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་མའ་ཀྲིན་ཌམ་སི་མཆོག་གིས་ཕྱི་ཟླ་བཞི་པའི་ཚེས་༢༥ཉིན་ཉི་ཧོང་ནང་ཡོད་པའི་ཨ་རིའི་དམག་སྒར་ཆེན་པོ་ཞིག་གི་དམག་མི་བརྒྱ་ཕྲག་ལ་གསུང་བཤད་ཞིག་གནང་བའི་སྐབས་ ཨ་མི་རིཀས་རྒྱ་ནག་དང་འབྲེལ་ལམ་ཤུགས་ཆེ་ཙམ་ཡོང་རྒྱུའི་འདོད་མོས་ཆེན་པོ་བྱེད་ཀྱི་ཡོད་ནའང་དེའི་དོན་དུ་ ཉི་ཧོང་དང་འབྲེལ་ལམ་བློས་གཏོང་རྒྱུ་མིན་པ་རྒྱ་ནག་གི་གཞུང་འཛིན་པ་ཚོ་ལ་གསལ་བཤད་བྱས་པ་ཡིན་ཞེས་གསུང་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་པེ་ཅིང་ནས་གནས་ཚུལ་བཏང་བ་ཞིག་པ་སངས་དབྱངས་སྐྱིད་ལགས་ནས་ཕབ་སྒྱུར་ཞུས་གནང་གི་རེད།
XS
SM
MD
LG