ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གཞུང་བསྐྱར་དུ་སྒོ་འབྱེད་ཐུབ་པའི་རྟགས་མཚན།


ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཕལ་ཆེ་བ་སྒོ་བརྒྱབ་ནས་ཉི་མ་༡༥་སོང་ཡོད་ཅིང་། བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཚོ་དང་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཏེ། ཁོང་ཚོས་༢༠༡༤་ལོའི་ཕྱི་ཟླ་དང་པོའི་ཚེས་བཅོ་ལྔ་བར་དུ་སྲིད་གཞུང་ལ་འགྲོ་གྲོན་ཆོག་མཆན་འགོད་རྒྱུ་དང་། ཨ་མི་རི་ཀའི་དབུས་གཞུང་གིས་བུ་ལོན་བསྐྱི་ཆོག་པའི་དུས་ཚོད་ཀྱང་ཕྱི་ཟླ་༢་ཚེས་༧་བར་དུ་ཕར་འགྱངས་བྱེད་རྒྱུའི་གྲོས་གཞི་བཏོན་ཡོད་པས། གལ་ཏེ་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་བཏོན་པའི་གྲོས་གཞི་དེར་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་མོས་མཐུན་བྱས་ནས་གྲོས་ཆོད་འཇོག་ཐུབ་ཚེ། ཨ་རིའི་གྲོས་ཚོགས་འོག་མས་དེ་ལ་མོས་མཐུན་ཡོད་མེད་ཀྱི་འོས་ཤོག་འཕངས་ནས་ཐག་གཅོད་བྱེད་དགོས་པ་དང་། རྩ་བའི་སྲིད་གཞུང་བསྐྱར་དུ་སྒོ་འབྱེད་ཐབས་ཀྱི་གྲོས་གཞི་དེ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་བཏོན་ཡོད་པས། སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མས་ཀྱང་དེ་ལ་གྲོས་བསྡུར་བྱས་ནས་མོས་མཐུན་ཡོད་མེད་ཐག་གཅོད་བྱེད་དགོས་པ་དང་། དེར་བརྟེན་ཨ་མི་རི་ཀའི་སྲིད་གཞུང་བསྐྱར་དུ་སྒོ་ཕྱེས་ནས་ཟླ་བ་འགའ་ཞིག་ལ་དཀའ་མེད་པར་ལས་དོན་བསྒྲུབ་ཐུབ་པའི་རྣམ་པ་ཐོན་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG