ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ཨ་རིའི་ཕྲི་སྲིད་དུང་ཆེ་དང་རྒྱལ་སྲུང་དྲུང་ཆེ་གཉིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཕེབས་པ།


ཉེ་ཆར་སྤྱི་ཟཟླ་༣ནང་ལྷོ་ཀོ་རི་ཡའི་དམག་གྲུ་ཞིག་ལ་མཚོ་འོག་འཕུར་མདའ་ཕོག་ནས་དུམ་བུ་གཉིས་སུ་སོང་བ་དང་། ལྷོ་ཀོ་རི་ཡའི་དམག་གྲུ་དེར་ཡོད་པའི་མཚོ་དམག་༡༦ལ་སྲོག་སྐྱོན་བྱུང་པ་ནས་བཟུང་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་སོང་ནས་དམག་འཁྲུག་ཡོང་རྒྱུའི་ཉེན་ཀ་ཆེན་པོ་ཡོད་པ་དང་། དེ་རིང་ཕྱི་ཟླ་༣ཚེས་༢༡ཉིན་ཨ་མི་རི་ཀའི་རྒྱལ་སྲུང་དང་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་གློ་བུར་དུ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་གཟིགས་ཞིབ་ལ་ཕེབས་ཏེ་བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་ཀྱིས་ལྷོ་ཀོ་རི་ཡར་བཙན་འཛུལ་བྱེད་ཚེ། ཨ་མི་རི་ཀའི་གཞུང་དམངས་གཉིས་ལྷོ་ཀོ་རི་ཡའི་རྒྱབ་རྩར་ལང་རྒྱུའི་བརྡ་གསལ་པོ་ཞིག་བཏང་བ་དང་། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་དམག་དོན་མི་སྣ་ཚོས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁེ་ལིན་ཌོན་དང་རྒྱལ་སྲུང་དྲུང་ཆེ་རོ་བྷར་ཅི་གྷེ་ཌེ། གཞན་ཡང་ལྷོ་ཀོ་རི་ཡའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་སྣེ་ལེན་བྱས་པ་དང་། ད་ནས་ཉིན་ཤས་ཀྱི་རྗེ་སུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་དམག་དཔུང་མཉམ་འབྲེལ་ཐོིག་དམག་སྦྱོང་ཆེན་པོ་ཞིག་བྱ་འཆར་ཡོད་པ་རེད།

XS
SM
MD
LG