ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་སློབ་ཆེན་གྱི་དམངས་གཙོའི་སྦྱར་པང་རྩ་གཏོར།


༄༅།། ཧོང་ཀོང་སློབ་གྲྭ་ཆེན་མོར་དམངས་གཙོ་དང་རང་དབང་གི་བརྡ་འཕྲིན་ཁྱབ་བསྒྲགས་བྱ་ཡུལ་སྦྱར་པང་ཞིག་ཡོད་པ་རྩ་གཏོར་བཏང་ཡོད་ཅིང་། ཧོང་ཀོང་གི་སློབ་ཕྲུག་མཐུན་ཚོགས་ཀྱིས་སྦྱར་པང་རྩ་གཏོར་གཏོང་མཁན་རྣམས་རྒྱ་ནག་གཞུང་གི་རྒྱབ་སྐྱོར་པ་དང་པེ་ཅིང་གི་ཕྱོགས་གཏོགས་པ་ཚོ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ཁོ་ཚོས་ཧོང་ཀོང་གི་གཏམ་བརྗོད་རང་དབང་རྩ་བརླག་ཏུ་འགྲོ་རུ་འཇུག་རྒྱུ་མིན་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་རྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུལ་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG