ཧེ་མ་ལ་ཡའི་ཁུལ་གྱི་ཁོར་ཡུག་གནད་དོན་ཐད་ལ་དམིགས་པའི་ཁོར་ཡུག་ཚོགས་ཆེན་ཐེངས་ལྔ་པ་དེ་ཕྱི་ཟླ་༡༡་ཚེས་༨་ནས་ཉིན་ལྔའི་རིང་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཚོགས་ཡོད་ཅིང་། དེ་ཐེངས་ཀྱི་ཚོགས་ཆེན་དབུ་འབྱེད་སྐབས་སུ་རྒྱ་གར་གཞུང་གི་བློན་ཆེན་ཞིག་གིས་གསུང་བཤད་དང་། དཔལ་རྒྱལ་བ་ཀརྨ་མཆོག་གིས་ཚོགས་ཞུགས་པ་ཚོར་འཚམས་འདྲི་དང་ཚོགས་འདུ་ལམ་ལྷོང་ཡོང་བའི་ཐུགས་སྨོན་གནང་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།