ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༣/༢༤

སི་རི་ཡའི་སྐྱབས་བཅོལ་བ་རྣམས་ཨི་རག་ལ་བྲོས་བྱོལ་དུ་འགྲོ་གི་ཡོད་པ།


སི་རི་ཡའི་སྐྱབས་བཅོལ་བ་ཉིས་སྟོང་ལྔ་བརྒྱ་ལྷག རེས་གཟའ་ཉི་ མའི་ཉིན་ཨི་རག་གི་ཁུར་རྡི་སེ་ཏན་ས་ཁུལ་ཕྱོགས་སུ་བྲོས་བྱོལ་དུ་ཕྱིན་ཡོད་ པ་འདི་ནི། སྔ་ལོའི་ཕྱི་ཟླ་དགུ་པའི་ནང་ཨི་རག་གིས། སི་རི་ཡའི་ས་མཚམས་ སྒོ་བརྒྱབས་པ་ནས་བཟུང་། ས་མཚམས་བརྒལ་ཏེ་སྐྱབས་བཅོལ་བ་ཁྱོན་ཆེ་ དུས་གཅིག་ཏུ་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་ཐོག་མ་དེ་ཆགས་ཀྱི་ཡོད་ལུགས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལས་དོན་ལྷན་ ཁང་གི་སྙན་ཐོའི་ནང་འཁོད་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་ འགོད་པས་སུད་སི་ལནཌ་གྱི་གྲོང་ཁྱེར་ཇེ་ནི་ཝ་ནས་སྤེལ་བའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG