ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་ཁྲིམས་ཁང་གིས་རོ་ཧི་རྒྱ་ཁ་ཆེ་ཚོར་སྲུང་སྐྱོབ་དགོས་ཟེར།


ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་ཧེག་གྲོང་ཁྱེར་དུ་གཞིས་ཚུགས་ཡོད་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་འབར་མའི་གཞུང་ལ་རོ་ཧིན་རྒྱ་ཁ་ཆེ་ཚོར་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་ཞེས་གཟའ་ཕུར་བུའི་ཉིན་བཀའ་བཀོད་བཏང་ཡོད་པར་མ་ཟད། རོ་ཧིན་རྒྱ་ཁ་ཆེ་ཚོར་སྲུང་སྐྱོབ་ཀྱི་བྱ་ཐབས་ཅི་ཞིག་ལག་བསྟར་བྱས་པ་ཡིན་མིན་རྣམས་ཟླ་བ་བཞིའི་རྗེས་སུ་རྒྱལ་ཚོགས་ཀྱི་ཉེས་དོན་ཁྲིམས་ཁང་ལ་སྙན་ཐོ་འབུལ་དགོས་ཞེས་ཐག་གཅོད་བྱས་ཡོད་ཅིང་། འདི་ནི་རོ་ཧིན་རྒྱ་ཁ་ཆེ་ཚོའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་ཁྲིམས་གཏུག་གི་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG