ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འཛམ་གླིང་འདི་ཨ་རི་དང་རྒྱ་ནག་གི་ཕྱོགས་སུ་ཆད་ཉེན།


༄༅།། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་འཛམ་གླིང་འདི་ཨ་རིའི་ཕྱོགས་གཏོགས་དང་རྒྱ་ནག་གི་ཕྱོགས་གཏོགས་བཅས་ཤོག་ཁག་གཉིས་ལ་ཆད་ནས་ཤོག་ཁག་སོ་སོའི་འཕྲིན་གཏོང་དྲྭ་རྒྱ་དང་དངུལ་ལོར། ཚོང་འབྲེལ་དང་ དཔལ་འབྱོར་བཅས་ཀྱི་སྒྲིག་གཞི་གསར་ཚུགས་སྲིད་པར་མ་ཟད། སོ་སོ་རང་གི་རྒྱལ་སྤྱིའི་ཆབ་སྲིད་དང་དམག་དོན་ཐབས་བྱུས་ཀྱང་བཀོད་སྒྲིག་བྱ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་འདུག་ཅེས་འཛམ་གླིང་གི་དབུ་ཁྲིད་ཚོར་གཟའ་མིག་དམར་ཉིན་ཉེན་བརྡ་བཏང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG