ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་རུ་སུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད།


༄༅།། རེས་གཟའ་ཕུར་བུའི་ཉིན་ཡུཀ་རེན་གྱི་ཤར་ཕྱོགས་ས་ཁུལ་ཁག་ཅིག་ལ་ཨུ་རུ་སུས་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱས་ཏེ་བཙན་འཛུལ་མུ་མཐུང་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག་པ་དང་ཆབས་ཅིག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐབ་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་ནས་ཕྱིར་འབུད་བྱེད་དགོས་པའི་ཐག་གཅོད་གནང་འདུག ཨ་རིའི་གྲོས་ཚོགས་གོང་མས་ཨུ་རུ་སུར་ཚོང་འབྲེལ་མཚམས་འཇོག་བྱེད་དགོས་པའི་གྲོས་ཆོད་བཞག་པ་སོགས་ཀྱི་སྐོར། རྣམ་རྒྱལ་ཤཱསྟྲིས་ཕྱོགས་བསྒྲིགས་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG