ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཡུཀ་རེན་གྱི་གནམ་ཐང་གཉིས་ར་ཤི་ཡའི་དམག་གིས་བཙན་བཟུང་།


Ukraine
Ukraine
ཡུཀ་རེན་གྱི་ནང་སྲིད་བློན་ཆེན་ཨ་ཧྦ་ཁོབ་ཀྱིས་ཁུ་རི་མི་ཡ་རང་སྐྱོང་ས་གནས་ཀྱི་རྒྱལ་ས་སིམ་ཧྥེ་རོ་ཕོལ་གྲོང་ཁྱེར་གྱི་གནམ་ཐང་དང་མཚོ་ནག་གྲུ་ཁའི་སེ་ཧྦ་སི་ཊོ་ཕོལ་ས་གནས་ཀྱི་དམག་གི་གནམ་ཐང་བཅས་ཁུ་རི་མི་ཡའི་གནམ་ཐང་གཉིས་ར་ཤི་ཡའི་དམག་གིས་བཙན་བཟུང་བྱས་སོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ར་ཤི་ཡའི་དམག་གིས་ཁུཀ་རེན་གྱི་ས་ཆ་བཙན་འཕྲོག་བྱེད་ཀྱི་ཡོད་པ་དེར་འཕྲལ་དུ་བར་འགོག་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཀྱང་། ར་ཤི་ཡའི་གསར་འགྱུར་ལས་ཁང་ཁག་གིས་ཁུ་རི་མི་ཡར་ཆབ་སྲིད་བརྟན་ལྷིང་མེད་པ་དེར་ཡུཀ་རེན་གྱི་ས་ཐོག་ཏུ་ཡོད་པའི་ར་ཤི་ཡའི་དམག་གིས་ཐེ་གཏོགས་བྱེད་ཀྱི་མེད་ཟེར་གྱིན་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG