ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་གཉིས་ལ་མང་མོས་འོས་འདེམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡུཀ་རེན་གྱི་ཤར་ཕྱོགས་སུ་ཡོད་པའི་ཌོ་ནེ་ཚིཀ་ས་གནས་ཀྱི་མི་འབོར་བརྒྱ་ཆ་༨༩་དང་། ལུ་ཧན་ཚིཀ་ས་གནས་ཀྱི་མི་འབོར་བརྒྱ་ཆ་༩༦་བཅས་ས་གནས་དེ་དག་མང་ཚོགས་ཀྱིས་རང་རང་གི་ས་གནས་དེ་དག་ཡུཀ་རེན་གྱི་དབུས་སྲིད་དབང་གི་དབང་སྒྱུར་འོག་ནས་ལོངས་སུ་ཐོན་ཏེ། ཁོ་ཚོ་རང་སྲིད་རང་སྐྱོང་བྱ་རྒྱུའི་མང་མོས་འོས་ཤོག་འཕངས་ཡོད་ཅིང་། ཨུ་རུ་སུའི་གཞུང་གིས་མང་མོས་འོས་འདེམས་ཀྱི་གྲུབ་འབྲས་དེ་དག་ཟིང་འཁྲུག་མེད་པར་འཕྲལ་དུ་ལག་ལེན་བསྟར་དགོས་པ་དང་། ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་གཉིས་སུ་མང་མོས་འོས་འདེམས་པ་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འདུན་མཚོན་ཡོད། ད་ཐེངས་ཀྱི་མང་མོས་འོས་འདེམས་དེར་མི་མང་ཧ་ཅང་གྲངས་མང་ཞིག་མཉམ་ཞུགས་བྱས་ཡོད་ཅེས་ནན་བརྗོད་བྱས་ཀྱང་། ཡུཀ་རེན་གྱི་དབུས་གཞུང་གིས་རྒྱལ་ཁབ་དེའི་ཤར་ཕྱོགས་ས་གནས་ཁག་གཉིས་ལ་ཁ་བྲལ་རིང་ལུགས་པ་ཚོས་མང་མོས་འོས་འདེམས་བྱས་པ་བརྩི་མེད་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་མང་མོས་འོས་འདེམས་དེར་ངོས་ལེན་བྱས་མེད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG