ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་འགོ་ཁྲིད་ཚོས་ར་ཤི་ཡར་འབྲེལ་བ་བྱས་པ།


ར་ཤི་ཡའི་གཞུང་གིས་དམག་བཏང་སྟེ་ཡུཀ་རེན་གྱི་ཁེ་རི་མི་ཡ་རང་སྐྱོང་ས་གནས་བཙན་བཟུང་བྱས་ནས་ཉི་མ་༤་སོང་ཡོད་ཅིང་། དེ་རིང་ཕྱི་ཚེས་༥་ཉིན་ཡུཀ་རེན་གྱི་བར་བརྒལ་སྲིད་གཞུང་གི་སྲིད་བློན་ཡ་ཚེན་ཡུཀ་གིས་ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཚོར་འབྲེལ་བ་བྱས་ཏེ། ཁོ་ཚོས་ཞི་བའི་གྲོས་མོལ་བརྒྱུད་ནས་ཁེ་རི་མི་ཡའི་དམག་འཁྲུག་གི་ཛ་དྲག་གི་ཞི་འཇམ་གཏོང་དགོས་པའི་རེ་བ་བཏོན་པ་དང་། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ཀྱང་ར་ཤི་ཡར་དམག་འཁྲུག་གི་ཛ་དྲག་ཞི་འཇམ་གཏོང་དགོས་ཞེས་ནན་བརྗོད་བྱས་ཀྱང་། ར་ཤི་ཡའི་གཞུང་གིས་ཡུཀ་རེན་གྱི་བར་བརྒལ་སྲིད་གཞུང་གི་སྲིད་བློན་ཡ་ཚེན་ཡུཀ་གྱི་ཞི་བའི་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན་པ་དེར་ལན་འདེབས་གང་ཡང་བྱས་མེད་པ་དང་། ཁོ་ཚོས་ཡུཀ་རེན་གྱི་བར་བརྒལ་སྲིད་གཞུང་ཡང་ངོས་ལེན་བྱེད་ཀྱི་མེད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG