ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་དམག་སྒར་ལ་དཔུང་འཇུག


ཨུ་རུ་སུའི་ཕྱོགས་གཏོགས་པ་ཁེ་རི་མི་ཡའི་ཡུལ་དམག་གིས་ས་གནས་དེའི་ཡུཀ་རེན་གྱི་སྐམ་དམག་བཀོད་འདོམས་ཁང་གི་མཐའ་སྐོར་ཏེ། ཡུཀ་རེན་གྱི་དམག་ལ་མཚོན་ཆ་དང་མདེའུ་སོགས་རྩིས་བྱས་ནས་མགོ་སྒུར་དགོས་ཞེས་བཙན་བཀའ་གཏོང་གི་ཡོད་ཅིང་། ཁེ་རི་མི་ཡའི་ཡུལ་དམག་གིས་ཡུཀ་རེན་གྱི་དམག་སྒར་དེའི་ལྕགས་སྒོའི་ཕྱི་ལོགས་སུ་མེ་མདའ་ཐོགས་ནས་མི་ལ་ཕར་སོང་ཞིག འགུལ་སྐྱོད་མ་རྒྱག་ཅེས་སྡིགས་ར་སྐུལ་གྱི་ཡོད་པ་མ་ཟད། ཨུ་རུ་སུའི་དམག་གི་མདའ་དཔོན་ཧྦོལ་ཁོ་ཧྦ་ཞེས་པ་ཞིག་གིས་ཡུཀ་རེན་གྱི་དམག་ལ་ཁེ་རི་མི་ཡ་གླིང་ཟུར་གྱི་གནས་བབ་ལ་འགྱུར་བ་གང་ཡང་ཐེབས་མེད། ཁྱོད་ཚོ་ཕྱི་ལ་འཐོན་ནས་མགོ་སྒུར་ན་ཇ་ཁོལ་མ་དང་དངུལ་སྒོར་སྤྲོད་ཆོག ང་ཚོར་ཀུན་ངན་སློང་ངན་པ་མེད་ཅེས་བཤད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG