ངོ་འཕྲད་བདེ་བའི་དྲ་འབྲེལ།

ར་ཤ་ཡའི་དམག་གིས་ཡུཀ་རེན་གྱི་ཁིར་མི་ཡ་ས་གནས་སུ་དམག་བཏང་ནས་བཙན་བཟུང་བྱས་པར་ངོ་རྒོལ་གྱི་རྣམ་པ་མཚོན་ཆེད་དུ་དབྱིན་ཇི་དང་ཨ་མི་རི་ཀ དེ་བཞིན་ཧྥ་རན་སི་གསུམ་ར་ཤི་ཡའི་སཱོ་ཆི་གྲོང་ཁྱེར་ལ་འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་གྲ་སྒྲིག་གྲོས་མོལ་འཚོགས་འཆར་ཡོད་པ་དེ་ནས་ཕྱིར་འཐེན་བྱས་ཡོད་པ་མ་ཟད། ར་ཤ་ཡའི་དམག་རྣམས་ཡུཀ་རེན་ནས་འཕྲལ་དུ་ཕྱིར་འཐེན་བྱ་དགོས་ཞེས་དགོས་འདོན་བཏོན་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG