ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིས་རྒྱ་ནག་གི་དམར་ཤོག་ཚོགས་མི་ཚོར་ཐོངས་མཆན་འགོག་སྲིད་པ།


༄༅།། ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། དེང་སྐབས་ཨ་རིའི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་དང་དེ་དག་གི་བཟའ་མི་བཅས་པ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱ་དགོས་པའི་གྲོས་སྡུར་བྱེད་ཀྱི་ཡོད་ཅིང་། ཨ་རིའི་གསར་ཤོག་ནེའུ་ཡོག་དུས་བབ་ཀྱིས་ཨ་རིའི་གཞུང་གི་གནད་ཡོད་མི་སྣ་ཚོས་བཤད་པའི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་བདེན་པར་གྱུར་པ་དང་སྲིད་འཛིན་གྱིས་བཀའ་བརྒྱ་བཏང་སྟེ་དངོས་སུ་སྲིད་ཇུས་དེ་ལག་ལེན་བསྟར་ཚེ། ཨ་མི་རི་ཀས་ཡུན་རིང་མི་འགོར་པར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་དང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག དེ་དག་གི་བཟའ་མི་རྣམས། དེ་བཞིན་རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་གི་འགན་འཛིན་སོགས་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་མི་ཆོག་པའི་ཐག་གཅོད་བྱ་རྒྱུ་ཡིན་པར་མ་ཟད། ཨ་རིའི་ཐོངས་མཆན་རག་ཟིན་པ་རྣམས་ཀྱང་བརྩི་མེད་གཏོང་རྒྱུ་ཡིན་འདུག འོན་ཀྱང་འཆར་གཞི་འདིར་ད་ལྟའི་དུས་སུ་གཞུང་གི་ནང་ཁུལ་དུ་འབྲེལ་ཡོད་ལས་སྣེ་ཚོས་གྲོས་སྡུར་བྱེད་ཀྱི་ཡོད་པ་མ་གཏོགས་དངོས་སུ་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱུང་མེད་པ་རེད། གལ་ཏེ་མཐའ་མཇུག་སྲིད་ཇུས་འདི་གཏན་ལ་ཕབ་ནས་ལག་བསྟར་བྱེད་ན་ཨ་རི་དང་རྒྱ་ནག་གི་འབྲེལ་བར་ཤུགས་རྐྱེན་ཆེ་ཤོས་ཀྱི་གནད་དོན་ཞིག་ལ་འགྱུར་རྒྱུ་ཡིན་པའི་སྐོར། ཚེ་བརྟན་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG