ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷ་ཌན་གྱིས་ཏོག་དབྱིབས་སྨན་ཁབ་ཀྱི་བདག་དབང་བློས་གཏོང་བྱ་རྒྱུ།


༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྟག་ཏུ་རྩ་ཆེན་དུ་རྩི་བཞིན་པའི་རིག་དངོས་བདག་དབང་གི་ཐོབ་ཐང་ཞིག་བློས་བཏང་སྟེ་འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་རྒྱལ་ཁབ་སོ་སོའི་ས་ཐོག་ཏུ་བཟོ་ཆོག་པའི་དམིགས་བསལ་གྱི་ཆོག་མཆན་དང་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞིང་། འདི་ནི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་རྒྱལ་ཁབ་བརྒྱ་ལྷག་གིས་སྲིད་འཛིན་བྷ་ཌན་ལ་ཤུགས་རྐྱེན་ཐེབས་ནས་བསམ་ཤེས་བྱུང་བ་ཞིག་ཡིན་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG