ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་རུ་སུའི་དགོས་འདུན་ལ་ཨ་རིས་ལན་འདེབས།


༄༅།། ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་ཅིང་། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་མིན་པ་དང་ཨུ་རུ་སུའི་མཐའ་མཚམས་ཀྱི་རྒྱལ་ཁབ་ཁག་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་བཀྲམ་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་ཨ་མི་རི་ཀས་ཡིག་ཐོག་ཏུ་ཁས་ལེན་བྱ་དགོས་ཞེས་དགོས་འདུན་བཏོན། ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་གཞུང་གིས་ཨུ་རུ་སུས་དགོས་འདུན་བཏོན་པ་རྣམས་བསྒྲུབ་རྒྱུ་ཡིན་མིན་ཡིག་ཐོག་ཏུ་ལན་འདེབས་བྱས་འདུག་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG