ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་མཚོ་དམག་བཀོད་འདོམས་པ་གཞོན་པ་ཐེ་ཝན་ལ་ཕེབས་པ།


༄༅།། ཨ་མི་རི་ཀའི་མཚོ་དམག་གི་དམག་སྡེ་བདུན་པའི་ལས་སྣེ་ཚོས་ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་གསར་འགྱུར་སྤེལ་བ་ལྟར་ན། སྔ་ཉིན་དེར་ཨ་རིའི་བྷེ་རི་དམག་གྲུ་ཆེན་མོ་ཐེ་ཝན་མཚོ་འགག་བརྒྱུད་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལས་འགན་བསྒྲུབ་ཏུ་བསྐྱོད་ཡོད་ཅིང་། འདི་ནི་༢༠༢༠་ལོ་འདིར་ཐེ་ཝན་མཚོ་འགག་བརྒྱུད་ནས་ཨ་མི་རི་ཀའི་དམག་གྲུ་སྐོར་སྐྱོད་བྱས་པ་ཐེངས་བཞི་པ་ཡིན་པར་མ་ཟད། ཨ་རིའི་མཚོ་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG