ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊམ་གྱིས་གཞུང་འབྲེལ་ཡིག་ཆ་ལྐོག་ཉར་བྱེད་ཡོད་པར་ཞིབ་འཇུག


༄༅།། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་དབུས་གཞུང་གི་ལས་ཁུངས་ཤིག་ནས་ཡིག་ཆ་སྒམ་ཆུང་བཅོ་ལྔ་མཱ་ར་ལཱ་གྷོའི་སྒེར་ཁྱིམ་དུ་ཁྱེར་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། སྒམ་ཆུང་དེ་དག་གི་ནང་དུ་གཞུང་གི་གསང་བའི་ཡིག་ཆ་དང་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་སྐབས་ཀྱི་ཕོ་བྲང་དཀར་པོའི་གཞུང་འབྲེལ་ཡིག་ཆ་ཁག་ཚུད་ཡོད་པས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཞིབ་འཇུག་ལས་དོན་ཚོགས་ཆུང་གིས་གནད་དོན་དེར་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོས་རེས་གཟའ་ཕུར་བུའི་ཉིན་གསལ་བསྒྲགས་སྤེལ་འདུག་པ་སོགས་ཀྱི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG