ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་དྲ་རྒྱའི་ཐོག་འཇབ་འཛུལ་གྱིས་རྐུ་འཁྱེར་ལ་ཡུལ་གྲུ་ཁག་གིས་སྐྱོན་བརྗོད་བྱས་པ།


ཉེ་ལམ་ཨ་རི་དང་ཡོ་རོབ་མཉམ་འབྲེལ། དབྱིན་ཡུལ་སོགས་ཀྱིས་ཐུན་མོང་ཐོག་རྒྱ་ནག་གཞུང་གིས་དྲྭ་རྒྱའི་འཇབ་འཛུལ་བྱེད་ཀྱི་ཡོད་པ་དེར་ཐེངས་དང་པོ་ཐེར་འདོན་དང་སྐྱོན་བརྗོད་བྱས་ཡོད་པ་རེད། ཉེ་དུས་ཀྱི་དྲྭ་རྒྱའི་འཇབ་འཛུལ་དེའི་ནང་རྒྱ་ནག་གཞུང་གིས་ཨ་རི་གཙོས་པའི་རྒྱལ་ཁབ་བཅུ་གཉིས་ཀྱི་གནམ་གྲུའི་རིག་རྩལ་དང་། བདེ་སྲུང་། ཤེས་ཡོན། འཕྲོད་བསྟེན་སོགས་འབྲེལ་བའི་བཟོ་གྲྭ་མང་པོར་དྲྭ་རྒྱའི་འཇབ་འཛུལ་བྱས་ཡོད་པ་མ་ཟད། ཉམས་ཞིབ་ལྟེ་གནས་ཁང་ཁག་གིས་ཉམས་ཞིབ་ཀྱི་གྲུབ་དོན་དང་། འཕྲུལ་ཆས། ཡར་རྒྱས་འཛུགས་སྐྲུན་དང་འབྲེལ་བའི་འཆར་གཞི་སོགས་སྐུ་འཁྱེེར་བྱས་ཡོད་པ། ཨ་རིའི་ཁྲིམས་ལུགས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག རྒྱ་ནག་གཞུང་གིས་དྲྭ་རྒྱའི་འཇབ་འཛུལ་ཐེར་འདོན་བྱས་པ་དེའི་གལ་གནས་དང་དེའི་ཤུགས་རྐྱེན་གང་འདྲ་ཡོང་གི་ཡོད་པའི་སྐོར་ལ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་ལྟེ་གནས་ཁག་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་སུ་སྐལ་བཟང་འཇིགས་མེད་ལགས་ནས་བཅའ་འདྲི་ཞུས་པ་དེ་གསན་རོགས་གནང་།


XS
SM
MD
LG