ངོ་འཕྲད་བདེ་བའི་དྲ་འབྲེལ།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྐང་འཁོར་སྐོར་སྐྱོད་མཇུག་སྒྲིལ།


དབུས་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་དུས་ཚིག་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་ནས་ཕྱི་ཟླ་༥པའི་ཚེས་༢༣ ཉིན་མོ་སྟེ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་བོད་རྒྱའི་དབར་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་པ་བཞག་པའི་དྲན་གསོའི་ཉིན་མོའི་བར་བོད་པའི་གནས་སྟངས་ལ་དོ་སྣང་ཡོང་ཆེད་དུ་རྒྱ་གར་ནང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དེ་མཛད་སྒོ་དང་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལའི་ནང་མཇུག་སྒྲིལ་ཡོད་པ་དང་ ཐེངས་དེའི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཞེས་མིང་བཏགས་ཡོད་པ་དང་སྐོར་སྐྱོད་དེའི་ནང་ས་གནས་གཞོན་ནུའི་ཚོགས་པ་ཁག་གི་ཚོགས་མི་དང་བོད་དོན་ལ་རྒྱབ་སྐྱོར་བ་བཅས་མི་༤༧ཙམ་མཉམ་བཞུགས་གནང་ཡོད་པ་རེད།

XS
SM
MD
LG