ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཆེ་ཁག་གཉིས་ཀྱི་འགོ་ཁྲིད་དང་སྲིད་བློན་ཟུར་པ་གཉིས་ཏེ། ཀ་ཎལ་དང་བྷ་ཏ་ར་ཡེ་གཉིས་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། ཁོ་ཚོས་སྔོན་ཆད་བལ་ཡུལ་གྱི་སྲིད་དབང་བཟུང་བའི་སྲིད་བློན་ཟུར་པའང་ཡིན་པས། སྐུ་ཞབས་ཀ་ཎལ་དང་བྷ་ཏ་ར་ཡེ་གཉིས་ལ་བལ་ཡུལ་གྱི་ཆབ་སྲིད་ལས་དོན་ཐོག་ཏུ་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་། ཁོ་ཚོ་རྒྱ་ནག་དམར་ཤོག་ཚོགས་པས་གདན་འདྲེན་ཞུས་པ་ལྟར་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཁག་གི་ཚོགས་མི་༡༩་ཡོད་པའི་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་ཁྲིད་ནས་རྒྱ་ནག་ལ་ཕེབས་ཏེ། བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་ལས་སྣེ་ཚོར་ཐུག་འཕྲད་གྲོས་མོལ་བྱས་པ་དང་། སྲིད་བློན་ཟུར་པ་ཀ་ཎལ་གྱིས་ཟླ་བ་རྗེས་མར་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཚོགས་འདུ་འཚོགས་འཆར་ཡོད་པ་དེར་རྒྱ་ནག་དམར་ཤོག་ཚོགས་པའི་སྐུ་ཚབ་མགྲོན་འབོད་བྱེད་ཀྱི་ཡོད་པ་རེད།
XS
SM
MD
LG