ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་བ་གསུམ་ཆའི་གཉིས་ཙམ་རྒྱ་ནག་ལ་ལྟ་སྟངས་ཡག་པོ་མེད་པ།


༄༅།། ཨ་མི་རི་ཀ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གི་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར་ཨ་རི་བ་ཚོས་རྒྱ་ནག་ལ་འཛིན་པའི་ལྟ་ཚུལ་དེར་འགྱུར་བ་ཐེབས་ཀྱི་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༣་ནས་ཚེས་༢༩་བར་དུཕེའུ་ཉམས་ཞིབ་ཁང་གིས་ཨ་མི་རི་ཀ་བ་༡༠༠༠་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཨ་རི་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༦༦་རྒྱ་ནག་ལ་ལྟ་ཚུལ་ཡག་པོ་མེད་པ་དང་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༦་གིས་རྒྱ་ནག་ལ་ལྟ་སྟངས་ཡག་པོ་ཞིག་བཟུང་འདུག ལོ་གཉིས་ཀྱི་སྔོན་དུ་རྒྱ་ནག་ལ་ལྟ་སྟངས་ཡག་པོ་མེད་པའི་ཨ་རི་བ་བརྒྱ་ཆ་༤༧་ལས་མེད། ཨ་རི་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༦༢་ཀྱིས་རྒྱ་ནག་ནི་ཨ་མི་རི་ཀར་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་ལན་བཏབ། ༢༠༡༨་ལོར་རྒྱ་ནག་ཨ་མི་རི་ཀའི་ཉེན་ཁ་ཞིག་ཡིན་པའི་ལྟ་ཚུལ་འཛིན་མཁན་མི་མང་བརྒྱ་ཆ་༤༨་ལས་མེད་པ་རེད། རྒྱ་ནག་ལ་ལྟ་སྟངས་ཡག་པོ་མེད་པའི་མི་རྣམས་ཨ མི་རི་ཀའི་སྲིད་དོན་ཚོགས་པ་གང་གི་ཁོངས་སུ་ཞུགས་ཡོད་མེད་ལའང་ཁྱད་པར་ཡོད་པ་སྟེ། སྤྱི་མཐུན་ཚོགས་པའི་ཚོགས་མི་དང་སྲིད་དོན་ཚོགས་པ་དེའི་རྒྱབ་སྐྱོར་བ་བརྒྱ་ཆ་༧༢་ལ་རྒྱ་ནག་གི་ཐོག་ཏུ་ལྟ་ཚུལ་བཟང་པོ་མེདདམངས་གཙོ་ཚོགས་པའི་ཚོགས་མི་དང་སྲིད་དོན་ཚོགས་པ་དེའི་རྒྱབ་སྐྱོར་བ་བརྒྱ་ཆ་༦༢་ལ་རྒྱ་ནག་གི་ཐོག་ཏུ་ལྟ་ཚུལ་བཟང་པོ་མེད་པ་རེད། ལོ་ན་༥༠་ཡན་ཆད་ཀྱི་ཨ་མི་རི་ཀ་བ་བརྒྱ་ཆ་༧༡་ལ་རྒྱ་ནག་གི་ཐོག་ཏུ་ལྟ་སྟངས་ཡག་པོ་མེད་ཀྱང་ལོ་ན་༡༨་ནས་༢༩་བར་གྱི་ཨ་རི་བ་ན་གཞོན་བརྒྱ་ཆ་༤༣་ལ་རྒྱ་ནག་གི་ཐོག་ཏུ་ལྟ་སྟངས་ཡག་པོ་ཡོད་འདུག

༢༠༡༧་ལོའི་ཕྱི་ཟླ་དང་པོའི་ཚེས་༢༡་ཉིན་ཌོ་ནལ་ཊམ་གྱིས་ཨ་རིའི་སྲིད་དབང་བཟུང་ནས་བཟུང་། ཁོང་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བ་དང་ཚོང་དམག་སློང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་ལྟ་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་ནད་དུག་གི་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་པས་ཕྱོགས་གཉིས་ཀས་ཕན་ཚུན་སྐྱོན་འཛུགས་དང་སྨོད་ཚིག་འདེབས་རེས། ཐ་ན་ཏོག་དབྱིབས་ནད་དུག་གི་ལན་ཁག་སུ་ལ་ཡོད་མེད་ཀྱི་སྐྱོན་འཛུགས་བྱེད་རེས་བྱ་རྒྱུ་མང་དུ་འགྲོ་བཞིན་འདུག ཕེའུ་ཉམས་ཞིབ་ཁང་གིས་༢༠༠༥་ནས་ཨ་མི་རི་ཀ་བ་ཚོར་རྒྱ་ནག་ལ་ལྟ་སྟངས་ལེགས་ཉེས་ཅི་ཞིག་ཡོད་མེད་བསམ་ཚུལ་དྲིས་ནས་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་ནས་ལོ་གསུམ་གྱི་རིང་དུ་ཨ་མི་རི་ཀ་བའི་གྲས་སུ་རྒྱ་ནག་གི་ཐོག་ཏུ་ལྟ་སྟངས་ཡག་པོ་མེད་མཁན་བརྒྱ་ཆ་༢༠་མ་ཟིན་ཙམ་ཞིག་མང་དུ་སོང་ཡོད་པར་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལའང་ཨ་མི་རི་ཀ་བའི་གྲོས་སུ་སྔོན་ཆད་བྱུང་མྱོང་མེད་པའི་ལྟ་ཚུལ་ལེགས་པོ་མེད་པ་ཇེ་མང་དུ་ཕྱིན་འདུག ཨ་མི་རི་ཀ་བ་ཚོ་རྒྱ་ནག་ལ་དགའ་མོས་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཨ་རིའི་བཟོ་གྲྭ་ཁག་རྒྱ་ནག་ལ་སྤོར་ནས་ཨ་མི་རི་ཀའི་ས་ཐོག་ཏུ་ལས་ཀའི་གོ་སྐབས་མེད་པར་གྱུར་པ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པར་རྒྱ་ནག་གིས་ལོ་ལྟར་ཨ་སྒོར་ཐེར་འབུམ་མང་པོ་ཁེ་བཟང་ལེན་གྱི་ཡོད་པ། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་བཅས་གནད་དོན་མང་པོ་ཞིག་ལ་ཐུག་འདུག

ད་ལྟ་ཏོག་དབྱིབས་ནད་དུག་གི་རིམས་ནད་ཀྱིས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀར་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་ཡོད་པར་བརྟེན། ཨ་མི་རི་ཀ་བ་བརྒྱ་༥༩་ཡས་མས་ཤིག་གིས་རྒྱ་ནག་ལས་ཀྱང་ཨ་མི་རི་ཀ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་བླ་ན་མེད་པའི་རྒྱལ་ཁབ་དེ་ཡིནའཛམ་གླིང་འདིར་རྒྱ་ནག་ལས་ཀྱང་ཨ་མི་རི་ཀར་དམག་གི་སྟོབས་ཤུགས་ཆེ་བ་ཡོད་པའི་ངེས་ཤེས་རྙེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཨ་མི་རི་ཀ་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༡་སྟེ། མི་བཅུའི་ནང་གི་༧་གྱིས་འཛམ་གླིང་གི་ལས་དོན་གནད་འགག་ཅན་ཞིག་ལ་ཐུག་ན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བསྒྲུབ་ཐུབ་རྒྱུའི་གདེང་ཚོད་མེད་ཅེས་ཉམས་ཞིབ་པའི་དྲི་བར་ལན་བཏབ་འདུག ད་ལོའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ག་མར་རྒྱ་ནག་ལ་བསྔགས་བརྗོད་དང་དེ་ནས་སྐྱོན་བརྗོད། ཐ་ན་རྒྱ་ནག་ལ་སྐྱོན་འཛུགས་བྱས་ནས་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཀྱང་ཨ་མི་རི་ཀ་བ་ཚོས་རྒྱ་ནག་ལ་འཛིན་པའི་ལྟ་ཚུལ་ལ་ཕྱོགས་ཡོངས་ནས་འགྱུར་བ་ཆེན་པོ་ཞིག་ཐེབསདཔེར་ན་ཨ་རིའི་གཞུང་གིས་རྒྱལ་ཡོངས་ལ་ནད་ཡམས་ཁྱབ་གདལ་འགྲོ་བཞིན་བཀག་སྡོམ་བྱ་དགོས་པའི་ཛ་དྲག་གི་བཀོད་ཁྱབ་མ་བཏང་སྔོན་དང་ཛ་དྲག་གི་བཀོད་ཁྱབ་རྗེས་སུ་ཨ་རི་བ་ཚོས་ཞིས་ཅིན་ཕིང་ལ་འཛིན་པའི་ལྟ་ཚུལ་དེར་འགྱུར་བ་ཐེབས་མེད་པ་རེད

ཨ་མི་རི་ཀ་བ་བཅུའི་ནང་གི་མི་དགུས་རྒྱ་ནག་གི་ཤུགས་རྐྱེན་སྟོབས་ཤུགས་ཨ་མི་རི་ཀར་ཉེན་ཀ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཨ་རི་བ་བརྒྱ་ཆ་༦༢་ཀྱིས་རྒྱ་ནག་ནི་ཨ་མི་རི་ཀའི་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་གླེང་། ༢༠༡༨་ནས་ད་ལྟའི་བར་དུ་ཨ་མི་རི་ཀ་ཚོས་རྒྱ་ནག་ཉེན་ཁ་ཞིག་ལ་རྩི་བཞིན་པ་དེར་རྩ་བའི་ཆ་ནས་འགྱུར་བ་ཆེན་པོ་ཞིག་ཐེབས་མེད་ཅིང་། ཨ་མི་རི་ཀ་བ་མང་ཆེ་བས་འཛམ་གླིང་གི་དཔལ་འབྱོར་ལ་ཉམས་ཆག་བྱུང་ན་ཨ་མི་རི་ཀར་དཀའ་ངལ་ཚབས་ཆེན་ཞིག་འཕྲད་རྒྱུའི་ངོས་འཛིན་བྱས་འདུག ཨ་མི་རི་ཀ་བ་བརྒྱ་ཆ་༦༡་ལ་རྒྱ་ནག་གིས་སའི་གོ་ལའི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཞིག་གཏོང་གི་ཡོད་པ་ཉེན་ཚབས་ཆེ་ཤོས་ཤིག་རེད་ཟེར། ཉེ་ཆར་ཚོད་དཔག་བྱས་པ་ལྟར་ན་བཟོ་གྲྭ་སོགས་ཀྱི་ནག་རྫས་དུད་རླངས་བརྒྱ་ཆ་༣༠་ཐམ་པ་རྒྱ་ནག་གཅིག་པུས་འཛམ་གླིང་བར་སྣང་ཁམས་སུ་གཏོང་གི་ཡོད་པ་ར་འཕྲད་འདུག རྒྱ་ནག་གི་དྲྭ་ལམ་དུ་གཏོར་རྒོལ་བྱེད་ཀྱི་ཡོད་པའང་ཨ་མི་རི་ཀ་ཚོས་བློ་འཚབ་འདྲ་མཚུངས་ཤིག་བྱེད་ཀྱི་ཡོད་པ་དང་། ༢༠༡༢་ལོར་རྒྱ་ནག་དྲྭ་ལམ་གྱི་གཏོ་རྒོལ་ནི་ཉེན་ཁ་ཅན་ཞིག་རེད་ཅེས་ངོས་འཛིན་བྱེད་མཁན་ཨ་མི་རི་ཀ་བ་བརྒྱ་ཆ་༧་ལས་མེད་ཀྱང་ད་ལྟ་ཨ་མི་རི་ཀ་བ་བརྒྱ་ཆ་༥༧་ཀྱིས་རྒྱ་ནག་དྲྭ་ལམ་གྱི་གཏོར་རྒོལ་བ་ཚབས་ཆེན་ཞིག་རེད་ཅེས་ངོས་འཛིན་བྱས་འདུག སྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་དུ་བཅུག་སྟེ་ངོ་རྒོལ་ལས་འགུལ་ལངས། རྒྱ་ནག་གི་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཁྲིམས་འཛིན་ལམ་ལུགས་དང་རང་དབང་གི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པ་ཨ་མི་རི་ཀ་བ་ཚོ་རྒྱ་ནག་ལ་ལྟ་སྟངས་བཟང་པོ་མེད་པའི་རྒྱུ་གཙོ་བོ་ཞིག་ཏུ་གྱུར་འདུག

XS
SM
MD
LG