ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

ཀུར་དི་སི་ཐན་ངལ་རྩོལ་ཚོགས་པའི་ལས་འགུལ་བ་གསུམ་དམར་གསོད།


ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་ཀུར་དི་སི་ཐན་བ་འབུམ་༡་དང་ཕྱེད་ཀ་ལྷག་གནས་སྡོད་བྱེད་ཡོད་ཅིང་། ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་ཀུར་དི་སི་ཐན་ངལ་རྩོལ་ཚོགས་པའི་ལས་འགུལ་བ་བུད་མེད་གསུམ་རང་གི་ལས་ཁུངས་སུ་མེ་མདའ་བརྒྱབ་ནས་སྡེབ་གསོད་བྱས་པའི་གནས་ཚུལ་ཐོན་པ་དང་། དེ་རིང་གཟའ་པ་སངས་ཉིན་ཧྥ་རན་སིའི་ཉེན་རྟོག་པ་ཚོས་གསར་འགོད་པར་བཤད་པ་ལྟར་ན། ཀུར་དི་སི་ཐན་གྱི་ངལ་རྩོལ་ཚོགས་པའི་ལས་འགུལ་བ་དེ་དག་གི་མགོ་ལ་ཉུང་མཐའ་ཡང་མདེའུ་གསུམ་རེ་ཕོག་ཡོད་པ་དང་། ཁོ་ཚོ་གསོད་སྟངས་ཀྱང་བསམ་བཞིན་མགོ་ལ་མེ་མདའ་བརྒྱབ་ནས་སྲོག་ཁྲིམས་བཅད་པའི་བཙོན་པ་བསད་ལྟར་བསད་འདུག་ཅེས་གསལ་བསྒྲགས་སྤེལ་པ་དང་། དེར་བརྟེན་ཀུར་དི་བ་སྟོང་ཕྲག་མང་པོས་ཀུར་དི་སི་ཐན་ངལ་རྩོལ་ཚོགས་པའི་ལས་འགུལ་བ་བུད་མེད་གསུམ་ཏུར་ཀིའི་གཞུང་གིས་སོ་མྱུལ་བཏང་ནས་ལྐོག་གསོད་བྱས་པ་རེད་ཅེས་ཉེས་འཛུགས་བྱས་ཏེ། ཁོ་ཚོས་ཧྥ་རན་སིའི་རྒྱལ་ཕེ་རི་སིར་བཅའ་སྡོད་ཏུར་ཀིའི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་། ཏུར་ཀིའི་གཞུང་གིས་ཀུར་དི་སི་ཐན་ངལ་རྩོལ་ཚོགས་པས་དགྲ་ལན་སློག་སྲིད་པའི་ཉེན་ཀ་ཡོད། ཡུ་རོབ་རྒྱལ་ཁབ་ཁག་ཏུ་བཅའ་སྡོད་ཏུར་ཀིའི་གཞུང་ཚབ་ཁང་དང་སྐུ་ཚབ་གཅོད་དོན་ཁང་དེ་དག་གིས་སོ་སོའི་བདེ་འཇགས་སྲུང་སྐྱོབ་ལ་དོགས་ཟོན་ནན་པོ་བྱེད་དགོས་ཞེས་བརྡ་ཁྱབ་བཏང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG