ཕྱི་ཟླ་གསུམ་པའི་ཚེས་༡༦འམ་བོད་ཟླ་དང་པོའི་ཚེས་ཆེན་བཅོ་ལྔའི་ཉིན་བོད་ནང་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་ཡོད་པ་དང་་ཕྱོགས་མཚུངས་གནས་ཚུལ་ཤེས་རྟོགས་བྱངུ་བའི་ནང་ཁོང་གཉིས་ནས་གཅིག་ནི་རང་ལོ་ཉི་ཤུའི་ནང་ཡིན་པ་དང་ཕེབས་པ་མདོ་སྨད་ཀིརི་ཏི་དགོན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་ཡིན་པ་ངེས་གཏན་བྱུང་ཡོད་པ་རེད། འོན་ཀྱང་དེའི་ཉིན་རང་ལུས་མེར་བསྲེགས་གཏོང་མཁན་གཞན་དེ་ཡང་དགེ་འདུན་པ་ཞིག་ཡིན་པའི་གནས་ཚུལ་ཐོན་པ་ལས་ཁོང་གི་མཚན་དང་ཤི་གསོན་གང་ཡིན་སོགས་ཀྱི་གནས་སྟངས་ཐོག་ཤེས་རྟོགས་བྱུང་མེད་པ་རེད། འོན་ཀྱང་ད་ཆ་ཁུངས་ལྡན་གནས་ཚུལ་འབྱོར་བའི་ནང་ ཕྱི་ཚེས་༡༦ཉིན་རང་ལུས་མེར་བསྲེགས་གཏོང་མཁན་དེ་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྗོང་སོ་ནག་དགོན་པའི་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཡིན་པ་དང་ཁོང་ཡང་སྐུ་ཚེ་མ་ཟིན་པ་ཤེས་རྟོགས་བྱུང་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།