ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཐེ་ཝན་གྱི་དམངས་གཙོར་རྒྱ་ནག་གི་ཉེན་ཀ་ཡོད་མུས་ཡིན་ཟེར།


རེས་གཟའ་ཉིན་མའི་ཉིན་ཐེ་ཝན་གྱི་སྲིད་འཛིན་འོས་མི་གསུམ་གྱི་བགྲོ་གླེང་སྐབས་སུ་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མི་འབོར་ས་ཡ་༢༣་ཡོད་པའི་མཚོ་གླིང་དེའི་དམངས་གཙོའི་ལམ་ལུགས་ལ་རྒྱ་ནག་གི་ཉེན་ཁ་ཡོད་མུས་ཡིན་ཞེས་གསུངས་མོད། འོན་ཀྱང་ཁོང་གི་ཁ་གཏད་པ་གཙོ་བོ་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་གོ་ཡུས་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་མི་དམངས་འཇིགས་སྣང་སློང་གི་འདུག་ཅེས་དགག་པ་བརྒྱབ་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG