ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ཏོག་དབྱིབས་ནད་དུག་སྦ་གསང་བྱས་པ་ནོར་བ་རེད་ཟེར།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེན་ཕྱིན་པ་དུས་ཐོག་ཏུ་ཕྱིར་བསྒྲགས་མ་བྱས་པ་ནི་ཚབས་ཆེའི་ནོར་འཁྲུལ་བྱུང་བ་ཞིག་ཡིན་པར་མ་ཟད། ད་དུང་དེ་འགེབས་ཐབས་ཀྱི་ངན་ཇུས་བཤམས་ཡོད་པ་རེད་ཅེས་གསལ་སྟོན་གནང་ཡོད་ཅིང་། ཉིན་ཤས་གོང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཝུ་ཧན་གྱི་ཚོད་ལྟ་ཁང་ཞིག་ནས་ཏོག་དབྱིབས་ནད་དུག་ཕྱི་ལ་ཁྱབ་པའི་གནས་ཚུལ་མཐོང་ཐོས་བྱུང་སོང་ཞེས་འགྲེལ་བརྗོད་གནང་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG