ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་མངའ་སྡེ་༦་གི་ནང་དུ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་པ་མང་བ་ཡོད་པ།


ཨ་རིའི་འགྱུར་ལྡོག་ཉམས་ཞིབ་ཁང་དང་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གཉིས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་གསར་ཤོས་དེར་འཁོད་པ་ལྟར་ན། ད་ལོའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་ལ་གནད་འགག་ཆེ་བ་དང་རྒྱལ་ཕམ་གྱི་དབྱེ་བ་འབྱེད་ཐུབ་པའི་མངའ་སྡེ་༦་གི་ནང་དུ་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་མི་མང་འོས་ཤོག་འཕེན་མཁན་རྒྱབ་སྐྱོར་པ་བརྒྱ་ཆ་༤༧་དང་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ལ་མི་མང་འོས་ཤོག་འཕེན་མཁན་རྒྱབ་སྐྱོར་པ་བརྒྱ་ཆ་༤༥་ལས་མེད་ཅིང་། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་བཞིས་སྲིད་དོན་ཚོགས་པ་གསུམ་པ་ཞིག་གི་སྲིད་འཛིན་འོས་མིར་འོས་ཤོག་འཕེན་འདོད་ཡོད་ཅེས་ལན་བཏབ། ད་དུང་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་གསུམ་གྱིས་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་སྐབས་དེརསུ་ལ་འོས་ཤོག་འཕེན་དགོས་མིན་ངེས་གཏན་བྱེད་ཐུབ་ཀྱི་མི་འདུག་ཅེས་ལན་འདེབས་བྱས་འདུག སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འདེམས་དུས་སུ་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ནི་ཨ་རི་ཛོ་ན་དང་ཧྥུ་ལོ་རི་ཌ། མི་ཤཱི་གྷན་དང་བྱང་ཁེ་རོ་ལེ་ན། ཕན་སིལ་ཝྭེ་ཎི་ཡ་དང་ཝི་སི་ཀོན་སན་བཅས་མངའ་སྡེ་དྲུག་གིམི་མང་འོས་ཤོག་འཕེན་མཁན་ཚོས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྟེ། སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གཏན་ཁེལ་བྱ་འཆར་ཡོད་པའི་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་གཉིས་ཀྱི་སུ་ལ་འོས་ཤོག་འཕངས་ན་འོས་མི་དེ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

དེང་སྐབས་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཐུབ་ཀྱི་མེད་པ་དང་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་༧༣༠༠༠་ལྷག་ལ་འཆི་སྐྱོན་བྱུང་བ། མི་༡༢༢༣༠༠༠་མ་ཟིན་ཙམ་ལ་ནད་དུག་འགོས་ནས་ནད་མནར་བྱུང་བ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རིམས་ནད་ཁྱབ་གདལ་བཀག་འགོག་བྱ་རྒྱུ་འཐུས་ཤོར་སོང་བའི་སྟབས་ཀྱིས་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། འོན་ཀྱང་གཟའ་འཁོར་འདིར་ཨ་མི་རི་ཀའི་འགྱུར་ལྡོག་ཉམས་ཞིབ་ཁང་དང་གསར་འགྱུར་ལས་ཁང་དེས་མི་མང་ལ་བསམ་ཚུལ་དྲིས་པའི་སྐབས་དེར་སྲིད་འཛིན་འོས་འདེམས་བྱེད་པ་ཡིན་ཚེ། འོས་འདེམས་ཀྱི་དམག་ས་ཞེས་གྲགས་པའི་ཨ་རིའི་མངའ་སྡེ་ཁག་ཏུ་སྲིད་འཛིན་ཌོ་ནལ་ཊམ་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༢་མང་བ་ཡོད་པ་དང་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་པ་ཉུང་བ་ཡོད་འདུག མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༨་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་སྟངས་བློ་ཁ་ཆེན་པོ་ཚིམ་པའམཡང་ན་བློ་ཁ་གང་འཚམ་ཞིག་ཚིམ་གྱི་འདུག་ཅེས་ལན་བཏབ། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༥༢་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཁྱབ་འགྲོ་བཞིན་པ་སྔོན་འགོག་བྱེད་སྟངས་བློ་ཁ་ཚིམ་པོ་ཞིག་མི་འདུག་ཅེས་ལན་བཏབ། ཡིན་ནའང་ཨ་རིའི་གྲོས་ཚོགས་ཀྱི་ལས་དོན་སྒྲུབ་ཕྱོགས་ལ་བསྡུར་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རིམས་ནད་སྔོན་འགོག་གི་ལས་དོན་སྒྲུབ་ཕྱོགས་བློ་ཁ་ཚིམ་པོ་ཞིག་ཡོང་གི་ཡོད་ཅིང་། འོས་འདེམས་དུས་སུ་འགྱུར་བ་འགྲོ་སྲིད་པའི་མངའ་སྡེ་དེ་དག་གི་མི་མང་སྐད་ཆ་འདྲི་ཡུལ་བཅུའི་ནང་གི་མི་བདུན་གྱིས་ཨ་རིའི་གྲོས་ཚོགས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་བློ་ཁ་ཚིམ་པོ་ཞིག་སྒྲུབ་ཀྱི་མི་འདུག་ཅེས་ལན་འདེབས་བྱས་འདུག

ཨ་རིའི་འགྱུར་ལྡོག་ཉམས་ཞིབ་ཁང་དང་གསར་འགྱུར་ལས་ཁང་དེས་སྲིད་འཛིན་གྱི་དཔལ་འབྱོར་སྲིད་འཛིན་དང་རིམས་ནད་སྔོན་ཐབས་ཇུས་དེ་རྣམས་སུ་ལ་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་སྐད་ཆ་དྲིས། མི་མང་སྐད་ཆ་འདྲི་ཡུལ་ཕྱེད་ཀ་ཙམ་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱི་དཔལ་འབྱོར་སླར་གསོའི་སྲིད་ཇུས་དང་རིམས་ནད་སྔོན་འགོག་གི་ཐབས་ཇུས་རྣམས་འབྱོ་ལྡན་པ་དང་བཟོ་ཚོང་ལས་ཁང་ཆེ་ཁག་ལ་ཁེ་ཕནཡོད་པ་ཞིག་རེད་ཅེས་ལན་བཏབ། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༡་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་དཔལ་འབྱོར་སླར་གསོའི་སྲིད་ཇུས་དེ་འབྱོར་འབྲིང་གྲལ་རིམ་དང་ཚོང་ལས་ཆུང་ཁག་ལ་ཕེ་ཁན་ཡོད་པ་ཞིག་རེད་ཟེར། མི་མང་སྐད་ཆ་འདྲི་ཡུལ་ལ་བརྒྱ་ཆ་༢༤་ལྷག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱི་དཔལ་འབྱོར་སླར་གསོའི་སྲིད་ཇུས་འབྱོར་ལྡན་པ་དང་འབྱོར་འབྲིང་། ཚོང་ལས་ཆེ་ཁག་དང་ཆུང་ཁག་གཉིས་ཀར་ཁེ་ཕན་འདྲ་མཉམ་ཡོད་པ་ཞིག་རེད་ཅེས་ལན་བཏབ། ་ལྟ་ཕྱོགས་ཡོངས་ནས་བལྟས་ན་ཨ་མི་རི་ཀའི་དཔལ་འབྱོར་གནས་སྟངས་གང་འདྲ་ཞིག་རེད་དམ་ཞེས་སྐད་ཆ་དྲིས་པར་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༤་ཡིས་ཨ་རིའི་དཔལ་འབྱོར་ཧ་ཅང་དར་སྒང་ཡིན་པའམ། ཡང་ན་དཔལ་འབྱོར་གནས་སྟངས་ཡག་པོ་རེད་ཟེར། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༦་གིས་ཨ་མི་རི་ཀའི་དཔལ་འབྱོར་གནས་སྟངས་ཡག་པོ་མེད་པའམ། ཡང་ན་དཔལ་འབྱོར་ཉམས་ཆག་འགྲོ་བཞིན་འདུག་ཅེས་ལན་བཏབསྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་རྒྱལ་ཁབ་འཛིན་སྐྱོང་གི་ལས་དོན་སྒྲུབ་ཕྱོགས་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ་ཞེས་སྐད་ཆ་དྲིས་པར་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༩་ཙམ་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་འཛིན་སྐྱོང་གི་ལས་དོན་སྒྲུབ་ཕྱོགས་འགྲིག་གི་འདུག་ཅེས་ལན་བཏབ། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༥༡་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་འཛིན་སྐྱོང་གི་ལས་དོན་སྒྲུབ་ཕྱོགས་འགྲིག་གི་མི་འདུག་ཅེས་ལན་བཏབ་འདུག

ཨ་རིའི་འགྱུར་ལྡོག་ཉམས་ཞིབ་ཁང་དངསི་ཨེན་བྷི་སི་གསར་འགྱུར་ལས་ཁང་གཉིས་ཀྱིས་ཕྱི་ཟླ་༥་པའི་ཚེས་༡་ནས་ཚེས་༣་བར་དུ་ལོ་འདིའི་སྲིད་འཛིན་འོས་འདེམས་དུས་སུ་འགྲན་རྩོད་ཆེན་པོ་འབྱུང་ཡུལ་མངའ་སྡེ་དྲུག་གི་མི་མང་འོས་ཤོག་འཕེན་མཁན་༣༥༤༤་ལ་སྐད་ཆ་དྲིས། མི་མང་གི་བསམ་ཚུལ་བརྟགས་པའི་གྲུབ་འབྲས་འདིར་ནོར་འཕྱུག་བརྒྱ་ཆ་༡་དང་གྲངས་ཆུང་༦་ཙམ་འབྱུང་སྲིད། ༢༠༡༦་གི་སྲིད་འཛིན་འོས་འདེམས་དུས་སུ་ཨ་རིའི་ཕན་སིལ་ཝྭེ་ཎི་ཡ་དང་མི་ཤཱི་གྷན། ཝི་སི་ཀོན་མངའ་སྡེ་གསུམ་གྱི་ནང་དུ་ཌོ་ནལ་ཊམ་ལ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་ལས་འོས་ཤོག་བརྒྱ་ཆ་གཅིག་མང་བ་ཐོབ་ཡོད་པ་མ་ཟད། ཧྥུ་ལོ་རི་ཌ་མངའ་སྡེ་འོས་ཤོག་བརྒྱ་ཆ་༡་དང་གྲངས་ཆུང་གཉིས། ཨ་རི་ཛོ་ན་མངའ་སྡེ་འོས་ཤོག་བརྒྱ་ཆ་༣་དང་གྲངས་ཆུང་ལྔ། བྱང་ཁེ་རོ་ལེ་ན་མངའ་སྡེར་འོས་ཤོག་བརྒྱ་ཆ་༣་དང་གྲངས་ཆུང་༦་མང་བ་ཐོབ། དེར་བརྟེན་ཨ་མི་རི་ཀའི་ཆབ་སྲིད་ཀྱི་ཐ་སྙད་ལ་དམག་སའི་མངའ་སྡེ་ཁག་ཟེར་པ་རྣམས་ནི་ལོ་འདིའི་སྲིད་འཛིན་འོས་འདེམས་ལ་གནད་འགག་ཆེ་ཞིང་། ཨ་མི་རི་ཀའི་མངའ་སྡེ་༥༠་ཐམ་པའི་ནང་གི་མང་ཆེ་བ་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱི་གང་གི་ཕྱོགས་སུ་ལང་དགོས་མིན་ཐག་ཆོད་པ་ལྟ་བུ་ཞིག་ཡིན་རུང་ཡུལ་དུས་དང་འགྱུར་ལྡོག་སོགས་ཀྱིས་ཨ་རིའི་མངའ་སྡེ་ཁག་ཅིག་ལ་རྟག་ཏུ་འོས་འདེམས་དུས་སུ་མི་མང་འོས་ཤོག་འཕེན་མཁན་གྱི་ལྟ་སྟངས་ལ་འགྱུར་བ་ཐེབས་པའམ། ཡང་ན་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པམང་ཉུང་ཁྱད་པར་དེ་ཙམ་མེད་པའི་མངའ་སྡེ་ཁག་ལ་རྒྱུན་དུ་དམག་སའི་མངའ་སྡེ་ཁག་ཅེས་འབོདད་ལོའི་སྲིད་འཛིན་འོས་འདེམས་དུས་སུ་ཨ་རི་ཛོ་ན་དང་ཧྥུ་ལོ་རི་ཌམི་ཤཱི་གྷན་དང་བྱང་ཁེ་རོ་ལེ་ན། ཕན་སིལ་ཝྭེ་ཎི་ཡ་དང་ཝི་སི་ཀོན་སན་བཅས་ནི་ཨ་རིའི་དམག་ས་ལྟ་བུའི་མངའ་སྡེ་དྲུག་ལ་འགྱུར་གྱི་ཡོད་པ་རེད།།

ད་ལྟ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་འགྲན་སྡུར་ཁོངས་ནས་འོས་མི་གཞན་རྣམས་ཕྱིར་འཐེན་དང་འོས་ཤོག་གི་གྲངས་ཚད་མ་ལོངས་པ། ཁོ་ཚོར་འོས་འདེམས་ལས་འགུལ་རྒྱུན་འཁྱོངས་བྱེད་པའི་འགྲོ་གྲོན་མེད་པ་སོགས་ཀྱི་དཀའ་ངལ་ཕྲད་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་གཅིག་པུ་ལས་མེད་ཅིངའོས་མི་གཞན་ཚོས་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་དང་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཇཱོ་བྷ་ཌན་གཏན་ཁེལ་བྱ་རྒྱུ། ད་ནས་དམངས་གཙོ་ཚོགས་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་དུས་སུ་ཌོ་ནལ་ཊམ་ཕམ་ཉེས་སུ་གཏོང་ཐུབ་རྒྱུའི་འབད་བརྩོན་དང་གྲ་སྒྲིག་བྱེད་བཞིན་འདུག ཡིན་ནའང་ཨ་མི་རི་ཀའི་ཤེས་རིག་དྲུང་ཆེ་ཟུར་པ་བྷིལ་བྷེ་ནེ་ཊིས་ཨ་རིའི་ཧྥོཀ་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཇཱོ་བྷ་ཌན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་བསྐོ་འབྱུང་མི་ཐུབ་པའི་གོ་སྐབས་བརྒྱ་ཆ་༥༠་འདུག ངས་བལྟས་ན་ཇཱོ་བྷ་ཌན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ངེས་གཏན་བྱུང་ཟིན་པ་ཞིག་མ་རེད། ཇཱོ་བྷ་ཌན་རང་ཁྱིམ་གྱི་འོག་ཤོད་དུ་འཛུལ་ནས་འོས་འདེམས་ལས་འགུལ་ནུས་པ་ཐོན་པ་ཞིག་སྤེལ་ཐུབ་ཀྱི་མི་འདུག ཁོ་པ་ཕྱི་ལ་བུད་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེན་པོ་ཞིགབྱེད་དགོས་པ་དང་སྐྱོན་འཛུགས་འཕོག་གི་ཡོད་པ་ཁག་ལ་དག་སེལ་བྱ་དགོས་ཀྱི་འདུག ད་ལྟཇཱོ་བྷ་ཌན་ལོ་༧༧་ཡིན་པ་དང་འོས་འདེམས་དུས་སུ་ལོ་ན་དེ་བས་ཀྱང་མཐོ་རུ་འགྲོ་རྒྱུ་རེད་ཅེས་བཤད། དེང་སྐབས་ཇཱོ་བྷ་ཌན་གྱིས་ལོ་མང་གོང་དུ་གཤམ་འོག་ལས་བྱེདཔ་བུད་མེད་ཅིག་ལ་ཆགས་སྲད་ཀྱིས་སུན་གཙེར་བྱས་པ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དང་། ཇཱོ་བྷ་ཌན་གྱིས་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་ལུགས། ད་དུང་ཇཱོ་བྷན་ཌན་སྲིད་འཛིན་གཞོན་པ་ཡིན་དུས་བུ་རྒན་པ་ཧན་ཊར་བྷ་ཌན་གྱིས་ཡུཀ་རེན་གྱི་བཟོ་ཚོང་ལས་ཁང་ཞིག་གི་གཙོ་འཛིན་གྱི་གོ་གནས་བཟུང་སྟེ་བྷ་ཌན་ཕ་བུ་གཉིས་ཀྱིས་ཁྲིམས་འགལ་བྱས་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོདཔར་བརྟེན། ཏོ་དབྱིབས་ནད་དུག་འཇོམས་པའི་རྗེས་སུ་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་དངོས་སུ་འགོ་ཚུགས་ན་ཇཱོ་བྷ་ཌན་གྱིས་དཀའ་ངལ་དང་སྐྱོན་འཛུགས་མང་པོ་ཞིག་ལ་གདོང་ལེན་བྱ་དགོས་པ་རེད་ཟེར།།

XS
SM
MD
LG