ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སྲིད་འཛིན་ཊམ་ལ་ཉེས་འཛུགས་འདྲི་ཞིབ།


བདུན་ཕྲག་འདིར་ཨ་རིའི་གྲོས་ཚོགས་འོག་མར་འདྲི་ཞིབ་པས་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་འདྲི་ཞིབ་བྱས་ནས་གཞུང་འཛིན་ལྷན་ཁང་གི་ལས་གནས་སུ་ཡོད་པ་དང་། དེ་བཞིན་ལས་སྣེ་ཟུར་པ་ཁག་ཅིག་ལ་འདྲི་ཞིབ་བྱས་པར་ལེན་འདེབས་དང་བདེན་དཔང་བྱུང་མོད། འོན་ཀྱང་སྲིད་འཛིན་ཊམ་དང་ཁོང་གི་རྒྱབ་སྐྱོར་པ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཁྲིམས་བཟོ་བ་ཁག་གིས་སྲིད་འཛིན་ཊམ་གྱིས་རང་གི་ཆབ་སྲིད་ཀྱི་ཁ་གཏད་པ་ཞིག་ལ་ཡུཀ་རེན་གྱི་གཞུང་གིས་ཞིབ་འཇུག་བྱ་དགོས། ཞིབ་འཇུག་མ་བྱས་ན་ཨ་མ་རི་ཀས་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་ཀྱི་ཡོད་པ་འགོག་རྒྱུ་ཡིན་ཞེས་ཆ་རྐྱེན་བཏོན་པའི་རྟགས་མཚན་མི་འདུག་ཅེས་བརྗོད་ཀྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG