ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ནད་དུག་གི་འགོག་བཅོས་ཀྱི་ཁྲག་ཆུ་བེད་སྤྱོད་གཏོང་རྒྱུའི་ཆོག་མཆན།


༄༅།། གཟའ་ཉི་མ་ཉིན་ཨ་རིའི་ཟས་རིགས་དང་སྨན་རྫས་འཛིན་སྐྱོང་ཁང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དྲག་སྐྱེད་བྱུང་ཟིན་པ་ཚོའི་ལུས་ཀྱི་ཁྲག་ཆུ་དེ་རྣམས་ནད་པ་གཞན་གྱི་ལུས་ལ་བླུགས་ནས་སྨན་བཅོས་ཀྱི་ཐབས་ལམ་ལག་བསྟར་བྱེད་ཆོག་ཅེས་ཐག་གཅོད་བྱས་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་བསྔགས་བརྗོད་བྱས་ཡོད་པ་རེད། འོན་ཀྱང་མི་མང་པོ་ཡིས་སྲིད་འཛིན་ཊྲུམྤ་ཡིས་ཚན་རིག་པར་མི་ཉན་པར་འོས་ཤོག་ཐོབ་པའི་ཆེད་དུ་འོས་བསྡུའི་གོང་དུ་འགོག་སྨན་དང་སྨན་བཅོས་ཐག་བཅོད་བྱེད་རྒྱུའི་སྐུལ་འདེད་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་ནས།སྨན་དོན་གྱི་བྱ་དེ་ཕྱོགས་ཕན་ཚུན་རྩོད་རེས་བྱེད་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཆགས་ཡོད་པའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG