ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཊམ་གྱིས་ནད་དུག་གི་ལམ་སྟོན་དུས་ཡུན་ཕར་འགྱངས།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་དུས་ཡུན་སྤྱི་ཟླ་བཞི་པའི་ཚེས་༣༠་བར་དུ་ཕར་འགྱངས་བཏང་ཡོད་ཅིང་། འབྱུང་འགྱུར་གྱི་བདུན་ཕྲག་གཉིས་ཀྱི་ནང་དུ་ཨ་མི་རི་ཀར་རིམས་ནད་དེའི་རྐྱེན་གྱིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཆེས་མཐོ་ཤོས་སུ་སླེབས་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་པ་སྟེ། གཟའ་ཉི་མའི་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་འདིར་འབྱུང་འགྱུར་གྱི་བདུན་ཕྲག་གཉིས་ནི་རིམས་ནད་ཁྱབ་བརྡལ་ཤུགས་ཆེས་ཤོས་སུ་སླེབས་རྒྱུའི་ཉེན་བརྡ་བཏང་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG