ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊམ་གྱི་གཞིས་ཀར་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་སྔོག་བཤེར།


Resi pou pwopriyete FBI sezi pandan li tap egzekite manda fouy la kay ansyen Prezidan Donald Trump la, Mar-a-Lago nan Palm Beach, Florid, 12 Out 2022.
Resi pou pwopriyete FBI sezi pandan li tap egzekite manda fouy la kay ansyen Prezidan Donald Trump la, Mar-a-Lago nan Palm Beach, Florid, 12 Out 2022.

༄༅།། ཉེ་ཆར་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མ་རཱ་ལ་གྷོ་གཞིས་ཀར་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོས་སྔོག་བཤེར་བྱས་ཤིང་། གཟའ་མཇུག་དེར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོས་མ་རཱ་ལོ་གྷོ་གཞིས་ཀ་ནས་ཁྱེར་བའི་ཡིག་ཆ་རྣམས་ཕྱིར་སློག་བྱ་དགོས་ཅེས་ནན་བརྗོད་བྱས་འདུག

༄༅།། ཉེ་ཆར་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མ་རཱ་ལ་གྷོ་གཞིས་ཀར་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོས་སྔོག་བཤེར་བྱས་ཤིང་། གཟའ་མཇུག་དེར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོས་མ་རཱ་ལོ་གྷོ་གཞིས་ཀ་ནས་ཁྱེར་བའི་ཡིག་ཆ་རྣམས་ཕྱིར་སློག་བྱ་དགོས། ཡིག་ཆ་དེ་རྣམས་སྲིད་འཛིན་ཟུར་པའི་སྐུ་དབང་གི་སྲུང་སྐྱོབ་ཁྱབ་ཁོངས་སུ་གཏོགས་ཡོད་ཅེས་ནན་བརྗོད་བྱས་འདུག བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མ་རཱ་ལ་གྷོ་གཞིས་ཀར་སྔོག་བཤེར་བྱས་ནས་ཡིག་ཆ་ཤོག་སྒམ་༢༧་དང་ཡིག་ཆ་རིགས་མ་འདྲ་བ་ཁག་༡༡་བླངས། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཌོ་ནལ་ཊམ་གྱིས་མ་རཱ་ལ་གྷོ་གཞིས་ཀར་ཉར་འཇོག་བྱེད་ཡོད་པའི་ཡིག་ཆ་རྣམས་ཆེས་གསང་བ་དང་གསང་བའི་ནང་གི་གསང་བ། ནང་ཁུལ་གྱི་གསང་བའི་ཡིག་ཆ་དང་རྡུལ་ཕྲན་མཚོན་ཆའི་སྐོར་གྱི་ཡིག་ཆ། འདྲ་པར་ཡིག་ཕེལ་གཅིག་དང་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་རོ་ཇཱེར་སི་ཊོན་ཉེས་ཡངས་གཏོང་དགོས་ཞེས་བྲིས་པའི་ཡིག་ཆ་ལག་བྲིས་མ། ཧྥ་རན་སིའི་སྲིད་འཛིན་ལ་འབྲེལ་བ་ཡོད་པའི་ཡིག་ཆ་བསྡུ་རུབ་བྱས་པ་རྣམས་ཡིན་ཞིང་། ཌོ་ནལ་ཊམ་གྱིས་མ་རཱ་ལ་གྷོ་གཞིས་ཀར་ཉར་འཇོག་བྱེད་ཡོད་པའི་ཡིག་ཆ་རྣམས་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་དང་དེ་མིན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ནས་ཕྱི་ལ་འཁྱེར་མི་ཆོག་པ་དང་གཞུང་གི་ལས་ཁུངས་དམིགས་བསལ་གྱི་བདེ་འཇགས་ཅན་དེ་དག་གི་ནང་དུ་ལྟ་ཀློག་བྱ་དགོས་པ། ལྷག་པར་དུ་ཨ་རིའི་གཞུང་གི་ཆོག་མཆན་ཐོབ་པའི་མི་ཉུང་ཤས་ཀྱིས་མ་གཏོགས་ལྟ་ཀློག་བྱེད་མི་ཆོག་པའི་ཡིན་ཆ་རྣམས་ཡིན་འདུག ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་སྐབས་དེའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཟུར་པ་སྟེ། དེང་སྐབས་ཨ་རིའི་མཱི་ཆི་གྷན་སློབ་གྲྭ་ཆེན་མོར་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་ཇཱ་ཝེ་ཏ་ཨ་ལི་ཞེས་པ་ཞིག་གིས་ཌོ་ནལ་ཊམ་གྱིས་ཁྱེར་པའི་ཡིག་ཆ་རྣམས་ཧང་སང་དགོས་པ་དེ་འདྲ་རེད་འདུག་ཅེས་བསྟན།།

ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མ་རཱ་ལ་གྷོ་གཞིས་ཀར་སྔོག་བཤེར་བྱེད་དགོས་ཀྱི་འདུག་ཅེས་ཁྲིམས་ཁང་ལ་སྙན་ཞུ་ཕུལ། ཁྲིམས་ཁང་གི་བཀའ་ཤོག་དེར་དཔང་རྟགས་སུ་བཀོལ་རུང་བའི་ཡིག་ཆའི་ཟིན་ཐོ། ཁྲིམས་འགལ་དང་ནག་ཉེས་སུ་བརྩི་ཆོག་པའི་ཅ་དངོས་སམ། ཡང་ན་ཁྲིམས་འགལ་ཐོག་ཏུ་ཡིག་ཆ་བསྡུ་རུབ་བྱས་པ་དང་བརྒྱུད་སྤྲོད་བྱས་པ། རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་ཡིག་ཆ་བརླག་སྟོར་བཏང་བ་རྣམས་ཕྱིར་བསྡུ་བྱ་དགོས། ཟིན་ཐོ་ཁག་མེད་པར་བཏང་བ་དང་སྦས་སྐུང་། གཞུང་ཡིག་གཤགས་རལ་བྱས་ཡོད་མེད་བཅས་ལའང་ཞིབ་འཇུག་བྱ་དགོས་ཞེས་འཁོད། ཁྲིམས་ཁང་གི་བཀའ་ཤོག་དེའི་དགོས་པ་ནི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རང་གི་མ་རཱ་ལ་གྷོ་གཞིས་ཀར་གཞུང་གི་ཡིག་ཆ་དང་ཕོ་བྲང་དཀར་པོའི་ཟིན་ཐོ་སོགས་གསང་བའི་ཡིག་ཆ་ཤོག་སྒམ་མང་པོ་གཞུང་གི་ཆོག་མཆན་མེད་པར་ཉར་འཇོག་བྱེད་ཡོད་པ་རྣམས་ཕྱིར་བསྡུ་བྱ་རྒྱུའི་དམིགས་ཡུལ་ཡིན་འདུག ད་ལྟ་ཌོ་ནལ་ཊམ་གྱིས་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་སྔོག་བཤེར་བྱས་ནས་ཁྱེར་བའི་ཡིག་ཆ་རྣམས་གསང་རྒྱ་གྲོལ་བའི་ཡིག་ཆ་ཡིན། ཁོ་ཚོས་སྔོག་བཤེད་མ་བྱས་པར་ཡིག་ཆ་རྣམས་འཁྱེར་ཤོག་ཟེར་ན་ངས་སྤྲོད་ངེས་རེད་ཅེས་བཀྲལ། ཌོ་ནལ་ཊམ་འཕོ་འགྱུར་བྱུང་བའི་སྐབས་སུ་ཕོ་བྲང་དཀར་པོའི་ཡིག་ཆ་དང་ཨ་རིའི་དབུས་གཞུང་གི་ཡིག་ཆ་བཅས་ཡིག་ཆ་ཤོག་སྒམ་མང་པོ་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་སོགས་སུ་རྩིས་སྤྲོད་མ་བྱས་པར་མ་རཱ་ལ་གྷོར་གཞིས་ཀར་ཁྱེར། ཟླ་ཤས་གོང་དུ་ཨ་རིའི་གཞུང་གིས་ཡིག་ཁག་ཅིག་ཕྱིར་བསྡུ་བྱས་ཀྱང་ཡིག་ཆ་ཚང་མ་ཕྱིར་བསྡུ་མ་ཐུབ། ཁ་སྔོན་ཕྱི་ཟླ་༦་པའི་ནང་དུ་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཞིག་གིས་གཞུང་གི་གསང་བའི་ཡིག་ཆ་མཐའ་དག་རྩིས་སྤྲོད་ཟིན་པ་ཡིན་ཞེས་གན་ཡིག་བྲིས། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཌོ་ནལ་ཊམ་གྱི་གཞིས་ཀར་གཞུང་གི་གསང་བའི་ཡིག་ཆ་ལྐོག་ཉར་བྱེད་ཡོད་པ་ཤེས་རྟོགས་བྱུང་སྟེ་ཁྲིམས་ཁང་ལ་བཀའ་འཁྲོལ་ཞུས་ནས་སྔོག་བཤེར་བྱས་འདུག

ཕྱི་ཟླ་༨་པའི་ཚེས་༡༤་ཉིན་ནེའུ་ཡིག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སྔོན་ཕྱི་ཟླ་༦་པའི་ཚེས་༣་ཉིན་ཨ་རིའི་དབུས་ཁྲིམས་འཛིན་ལྷན་ཁང་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷ་རེ་ཊི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མ་རཱ་ལ་གྷོ་གཞིས་ཀར་བཅར། ཁོང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་འབྲེལ་ཡོད་ལས་སྣེ་ཚོས་དབུས་གཞུང་གི་ཞིབ་འཇུག་པ་ཚོར་དྲང་པོ་བཤད་ཀྱི་མི་འདུག ཁྱེད་རང་ཚོས་ཕྱིར་བསྒྲགས་བྱས་པའི་ཐོ་ཁོངས་སུ་མ་ཚུད་པའི་གསང་བའི་ཡིག་ཆ་ལྐོག་ཉར་བྱེད་ཀྱི་ཡོད་པའི་རྟགས་འདུག་ཅེས་ནང་མོལ་བྱས་པའི་གནས་ཚུལ་ཐོན། དེར་བརྟེན་ཕྱི་ཟླ་༨་པའི་ཚེས་༨་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་དབུས་ཁྲིམས་ཁང་ཞིག་ལ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་གཞིས་ཀར་སྔོག་བཤེར་བྱེད་དགོས་ཀྱི་འདུག ཁོ་ཚོས་ཞིབ་འཇུག་ལ་འགོག་རྐྱེན་བཟོ་བ་དང་ཁྲིམས་འགལ་བྱེད་ཀྱི་ཡོད་པའི་ཉེན་ཁ་འདུག་ཅེས་རྒྱུ་མཚན་བགྲངས། འདི་ནི་ཨ་རིའི་ཁྲིམས་འཛིན་ལྷན་ཁང་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ལས་སྣེ་ཚོས་ཟླ་བ་མང་པོར་ནང་མོལ་བྱས་ནས་འགྲིག་ཐབས་བྱས་ཀྱང་མཐའ་མཇུག་དོན་འབྲས་མ་སོན་པར་ཁྲིམས་འཛིན་ལྷན་ཁང་གིས་ཁྲིམས་ཁང་ལ་བཀའ་འཁྲོལ་ཞུས་ནས་སྔོག་བཤེར་བྱ་དགོས་བྱུང་བར་མ་ཟད། དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོས་མ་རཱ་ལ་གྷོ་གཞིས་ཀའི་དོ་ཁང་ཁག་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་གཟིམ་ཤག ལས་ཁུངས་བཅས་ལ་སྔག་བཤེར་བྱས་ཀྱང་འགྲུལ་ཁང་དང་མ་རཱ་ལ་གྷོ་སྤྲོ་སྐྱིད་ཁང་གི་ཚོགས་མི་རྣམས་འདུག་སའི་ཁང་པ་ཁག་ལ་སྔག་བཤེར་བྱས་མེད་པ་རེད།།

ཁ་སང་གཟའ་ཉི་མ་ནས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཡིག་ཆ་དེ་རྣམས་གསང་རྒྱ་གྲོལ་བའི་ཡིག་ཆ་ཡིན་ཞེས་གནད་འགག་ཆུང་དུ་གཏོང་ཐབས་སུ་འབད། ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་སྲིད་འཛིན་ཇཱོ་བྷ་ཌན་གྱིས་འགོ་ཁྲིད་པའི་ཨ་རིའི་དམངས་གཙོ་ཚོགས་པས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཉེས་མེད་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད་ཅེས་སྒྲོགས་འགོ་ཚུགས། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མགྲིན་ཚབ་པ་བྷུ་ཌོ་ཝི་ཆིས་དམངས་གཙོ་ཚོགས་པས་སྔོན་ཆད་ཀྱང་དཔང་རྟགས་རྫུན་བཟོ་བྱས་ནས་ནག་ཉེས་བཙུགས་མྱོང་ཡོད་མོད། འོན་ཀྱང་ཐེངས་འདིའི་བསྙོན་འཛུགས་ནི་སྔོན་ཆད་བྱུང་མྱོང་མེད་པ་དང་དགོས་མེད་ཀྱི་རྙོག་མ་གཏིང་སློང་ཞིག་རེད། གསར་འགྱུར་ལས་ཁང་ཁག་ལ་དཔང་རྟགས་གསལ་པོ་ཞིག་སྟོན་རྒྱུ་མེད་པར་མིང་འདོན་མ་བྱས་པའི་གནས་ཚུལ་འབྱུང་ཁུངས་ཁག་དང་རང་གི་བསམ་ཚུལ་སྤེལ་ནས་འུར་སྒྲོགས་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ༢༠༢༡་གི་ཕྱི་ཟླ་དང་པོར་ཌོ་ནལ་ཊམ་གྱིས་ཡིག་ཆ་ཤོག་སྒམ་༡༥་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་སུ་ཕྱིར་སློག་བྱས་ཤིང་། རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ཀྱིས་ཤོག་སྒམ་དེ་རྣམས་ཁ་ཕྱེ་ནས་བལྟས་པ་ན་ཡིག་ཆ་མང་དག་ཅིག་གསང་བའི་ཡིག་ཡིན་ཞེས་ཁ་བྱང་བྲིས་ཡོད་པ་མིག་གིས་མཐོང་། དེ་ནས་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ཀྱིས་དབུས་ཁྲིམས་འཛིན་ལྷན་ཁང་ལ་སྙན་སེང་ཞུས་པ་དང་ཁྲིམས་འཛིན་ལྷན་ཁང་གིས་འཕྲལ་དུ་དེ་ལ་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས། ད་ལོའི་དཔྱིད་ཀར་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཡིག་ཆ་ཉར་འཛིན་བྱེད་ཡོད་པ་རྣམས་རྩིས་སྤྲོད་བྱ་དགོས་ཞེས་བརྡ་བཏང་རུང་ཡིག་ཆ་ཕྱིར་སློག་མ་བྱུང་། ཌོ་ནལ་ཊམ་གྱིས་ང་ལ་ཡིག་ཆ་དེ་རྣམས་ཉར་འཛིན་བྱེད་འདོད་མེད། ངས་ཡིག་ཆ་རྣམས་རྩིས་སྤྲོད་བྱེད་ཆོག་ཅེས་ལན་མང་བཤད་ཀྱང་ལས་སྣེ་ཚོས་ཌོ་ནལ་ཊམ་ལ་ཡིག་ཆ་དེ་རྣམས་ཕྱིར་སློག་བྱ་འདོད་མི་འདུག་ཅེས་གནས་ཚུལ་ཐ་དད་ཅིག་བཤད།།

ཨ་མི་རི་ཀའི་སྲིད་འཛིན་རེ་འཕོ་འགྱུར་འགྲོ་བའི་དུས་སུ་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ཀྱི་བཀའ་འཁྲོལ་ལྟར་གསང་བའི་ཡིག་ཆ་མ་ཡིན་པ་རྣམས་འཁྱེར་ཆོག་ཅིང་། ཕྱིས་སུ་སྲིད་འཛིན་ཟུར་པ་དེས་རང་གི་མངའ་སྡེའི་ནང་དུ་དཔེ་མཛོད་ཁང་ཞིག་འཛུགས་སྐྲུན་བྱས་ནས་ཡིག་ཆ་རྣམས་དཔེ་མཛོད་ཁང་དེར་འགྲེམ་འཇོག་བྱེད་པའི་ལུགས་སྲོལ་ཞིག་དར། ཡིན་ནའང་ཌོ་ནལ་ཊམ་གྱིས་ཁྱེར་བའི་ཡིག་ཆ་རྣམས་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ཀྱི་ཆོག་མཆན་མ་བཀོད་པའམ། ཡང་ན་གསང་བའི་ཡིག་ཆ་རྣམས་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ལ་རྩིས་སྤྲོད་མ་བྱས་པར་ཁྱེར་བ་རྣམས་ཡིན་འདུག མ་རཱ་ལ་གྷོ་གཞིས་ཀར་སྔོག་བཤེར་བྱས་པའི་རྗེས་སུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཚོས་གསང་བའི་ཡིག་ཆ་དེ་རྣམས་ཤོག་སྒམ་ནང་དུ་བཞག་པ་ཡིན་སྲིད། གསར་འགྱུར་ལས་ཁང་ཁག་གིས་གསང་བའི་ཡིག་ཆ་གལ་ཆེན་རྣམས་རྙེད་པ་རེད་ཅེས་སྒྲོགས་ཀྱི་ཡོད་པ་གསང་བ་ཡིན་མིན་སུས་ཤེས། ཕྱི་ཟླ་༡༡་པའི་བར་མའི་འོས་བསྡུའི་རྗེས་སུ་སྤྱི་མཐུན་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་ན་སྤྱི་ཁྱབ་ཁྲིམས་འཛིན་པར་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཁག་ཅིག་གིས་མཚོན་ཆ་བཟུང་ནས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ལ་གཏོར་རྒོལ་བྱ་རྒྱུའི་རྫིག་ཉམས་བསྟན། ད་དུང་མི་ཁག་ཅིག་གིས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ལ་འགྲོ་གྲོན་གཅོད་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ། སྤྱི་ཁྱབ་ཁྲིམས་འཛིན་པས་མ་རཱ་ལ་གྷོ་གཞིས་ཀར་སྔོག་བཤེར་བྱས་པ་ཡིན་ཞེས་གསལ་བསྒྲགས་མ་སྤེལ་གོང་དེར་ཌོ་ནལ་ཊམ་གྱིས་མི་ཞིག་བརྒྱུད་ནས་ཁྲིམས་འཛིན་ལྷན་ཁང་ལ་སྔོག་བཤེར་དེར་ཨ་རི་རྒྱལ་ཡོངས་སུ་མི་མང་རྣམས་ཁོང་ཁྲོས་བརྟས་ཏེ་མེ་ལྕེ་འབར་གྱིན་འདུག ངས་རྒྱལ་ཡོངས་ཀྱི་མེ་ལྕེ་འདི་འཇོམས་པར་ཅི་ཞིག་བསྒྲུབ་དགོས་ཀྱི་འདུག་ཅེས་སྤྱི་ཁྱབ་ཁྲིམས་འཛིན་པར་འདྲི་རུ་བཅུག་སྟེ་ཟིང་ཆ་ལང་སྲིད་པའི་བརྡ་ཞིག་བཏང་ཞིང་། ཕྱི་ཉིན་དེར་ཁྲིམས་ཁང་གིས་མ་རཱ་ལ་གྷོ་གཞིས་ཀ་ནས་ཡིག་ཆ་རིགས་གང་འདྲ་ཞིག་བླངས་མིན་གྱི་ཐོ་གཞུང་ཁག་ཅིག་ཕྱིར་བསྒྲགས་བྱེད་ཆོག་པའི་བཀའ་ཕབ། སྤྱི་ཁྱབ་ཁྲིམས་འཛིན་པས་ཨ་རིའི་རྒྱལ་ཡོངས་སུ་མ་རཱ་ལ་གྷོ་གཞིས་ཀར་སྔོག་བཤེར་བྱས་དོན་རྣམས་གསལ་བཀྲོལ་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG