ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་དང་བྷར་ཛིལ། ཨུ་རུ་སུ་བཅས་ལ་ནད་དུག་ཁྱབ་གདལ་ཆེ་བའི་རྒྱུ་རྐྱེན།


བྷར་ཛིལ་གྱི་དུར་ས། ༢༠༢༠།༥།༢༢་ཉིན།
བྷར་ཛིལ་གྱི་དུར་ས། ༢༠༢༠།༥།༢༢་ཉིན།

ན་ནིང་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གི་རིམས་ནད་ཁྱབ། ད་ལྟ་ཨ་མི་རི་ཀ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ། ཨུ་རུ་སུ་གསུམ་ནི་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་གྱུར་འདུག དེ་རིང་ཕྱི་ཟླ་༥་པའི་ཚེས་༢༧་གྱི་སྔ་དྲོབར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གིས་མི་༩༨༩༠༠་ལྷག་ལ་འཆི་སྐྱོན་དང་མི་༡༧༠༠༠༠༠་མ་ཟིན་ཙམ་ལ་ནད་མནར། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༧༥༠༠༠་ལྷག་ཡོད་པ་དང་མི་༢༤༠༠༠་ལྷག་ལ་འཆི་སྐྱོན། ཨུ་རུ་སུ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༣༨༠༠་ལྷག་ལ་འཆི་སྐྱོན་དང་མི་༣༦༢༠༠༠་ལྷག་ལ་ནད་དུག་འགོས་ཡོད་པའི་གནས་ཚུལ་ཐོན། དབྱིན་ཇིའི་ཚོང་ལས་གསར་ཤོག་དང་རོ་ཡེ་ཊར་གསར་འགྱུར་ལས་ཁངམོ་སི་ཀོ་དུས་བབ་ཚགས་པར་སོགས་ལ་གནས་ཚུལ་སྤེལ་བ་ལྟར་ན ཨ་རི་དང་བྷར་ཛིལ། ཨུ་རུ་སུ་གསུམ་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་མང་ཤོས་ྱུང་དགོས་པའི་རྒྱུ་རྐྱེན་ནི་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཚོར་འབྲེལ་བ་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོ ུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གསུམ་གྱིསཚན་རིག་གི་གྲུབ་དོན་ཁས་མི་ལེན་པ་དང་དོན་དངོས་ལ་འཁྱོག་བཤད་བྱེད་ཀྱི་ཡོད་པས་འབྲེལ་ཡོད་རྒྱལ་ཁབ་གསུམ་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་དང་འཆི་སྐྱོན་གྱི་གྲངས་འབོར་མང་ཤོས་འབྱུང་གི་ཡོད་པ་རེད་ཅེས་བཀྲལ།།

སྤྱི་དམངས་འཕྲོད་བསྟེན་མཁས་པ་ཚོས་ཨ་རི་དང་བྷ་ཛིལ། ཨུ་རུ་སུ་གསུམ་གྱིས་ཏོག་དབྱིབས་རིམས་ནད་འགོག་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཞན་ཞིག་ནི་ཌོ་ནལ་ཊམ་དང་བྷོལ་སོ་ན་རོ། ཕུ་ཀྲིན་གསུམ་ཨུ་ཚུགས་ཆེ་དྲགས་པ་དང་རང་ལྟ་མཆོག་འཛིན་བྱ་རྒྱུ་ཐལ་དྲགས་པས་ཨ་རི་དང་བྷར་ཛིལ། ཨུ་རུ་སུ་གསུམ་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐུབ་ཀྱི་མེད་པ་རེད། ཐོག་མ་ནས་འགོ་ཁྲིད་དེ་ཚོས་ཚན་རིག་གི་གྲུབ་དོན་རྣམས་ཁས་མི་ལེན་དང་འདས་པའི་ཟླ་བ་༣གྱི་རིང་དུ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ཅི་བྱུང་གི་གཞི་གྲངས་ཁག་སྣང་མེད་དུ་བཏང་བ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཧ་ཝྭར་ཌི་སློབ་གྲྭ་ཆེན་མོའི་སྤྱི་དམངས་འཕྲོད་བསྟེན་སློབ་གླིང་གིས་ནད་ཡམས་ཉམས་ཞིབ་པ་ཨེ་རིཀ་ཧྥེ་གྷེལ་དིང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོ ཨ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གསུམ་ནི་མགོ་རུལ་པ་སྣ་བས་མ་ཚོར་ཞེས་པའི་དཔེ་ལྟར་སོང་བ་རེད་ཅེས་བཤད། ཨ་རིའི་འཇོར་ཇཱི་ཝ་ཤིང་ཊོན་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འཕྲོད་བསྟེན་ཁྲིམས་ལུགས་སློབ་གླིང་གི་འགན་འཛིན་ལོ་རན་སི་གྷོ་སི་ཊིན་གྱིས་ཨ་རི་དང་བྷར་ཛིལ། ཨུ་རུ་སུ་གསུམ་གྱི་འགོ་ཁྲིད་ཚོསཏོག་དབྱིབས་ནད་དུག་གི་ཉེན་ཚབས་ངོས་མ་ཟིན་པའམ། ཡང་ན་ཁོ་ཚོས་འགོས་ནད་དེའི་ཉེན་ཚབས་ལ་ངོས་ལེན་མ་བྱས་པར་སྔོན་འགོག་བྱ་རྒྱུ་ནར་འགྱངས་བཏང་བ་རེད། ཌོ་ནལ་ཊམ་དང་བྷོལ་སོ་ན་རོ། ཕུ་ཀྲིན་གསུམ་གྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ཤུགས་ཆེན་པོ་ཞིག་བསྒྲུབ་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན། འགོ་ཁྲིད་འདི་ཚོ་ཧ་ཅང་གི་མི་རིགས་རིང་ལུགས་པ་དང་ཚན་རིག་གི་གྲུབ་དོན་ཁས་མི་ལེན་པ། ཁོ་ཚོས་མཁས་པ་ཁག་གི་ལམ་སྟོན་ལ་འཁྱོག་བཤད་བྱས་པ་སོགསནི་ཏོག་དབྱིབས་རིམས་ནད་སྔོན་གོག་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་རེད། ད་ལྟ་ཌོ་ནལ་ཊམ་དང་བྷོལ་སོ་ན་རོ ཕུ་ཀྲིན་གསུམ་གྱིས་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱ་དགོས། ཚོང་ལས་དང་འགྲིམ་འགྲུལ་སོགས་བསྐྱར་དུ་སྒོ་འབྱེད་དགོས་པའི་ཤུགས་སྣོན་རྒྱག་གི་འདུག་ཅེས་བཤད།།

ལྷོ་ཨ་མི་ར་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོས་ཏོག་དབྱིབས་ནད་དུག་གི་ཉེན་ཁར་སྣང་ཆུང་བྱས་ཤིང་། ཁོང་གིས་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་བྱས་ནས་རིམས་ནད་སྔོན་འགོག་བྱ་རྒྱུ་དེར་ངོ་རྒོལ་བྱས་འདུག སྲིད་འཛིན་བྷོལ་སོ་ན་རོས་ཏོག་དབྱིས་ནད་དུག་ནི་སྤྱིར་བཏང་གི་ཆམ་རིམས་ཤིག་རེད་ཅེས་འཛིན་ལོག་པ་བྱས་པར་མ་ཟདཁོང་གིསམཁས་པ་ཚོས་ཏོག་དབྱིབས་རིམས་ནད་འདི་ངོས་འཛིན་མི་ཐུབ་པ་དང་ཧ་ཅང་གི་ཉེན་ཚབས་ཅན་ཞིག་རེད་ཅེས་སྙན་སང་ཞུས་ན་དེ་ལ་མི་གསན་པར་ང་ཚོས་མུ་མཐུད་དུ་འཚོ་བ་སྐྱེལ་དགོས། ང་ཚོས་ངེས་པར་དུ་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱ་དགོས། ང་ནི་ལུས་རྩལ་འགྲན་སྡུར་བ་ཞིག་ཡིན་པའི་ཆ་ནས་བཤད་ན་མི་ལ་ནད་དུག་འགོས་ཀྱང་སེམས་ཁྲལ་བྱ་དགོས་དོན་མེད། ང་ལ་དེས་ཅང་གནོད་མི་ཐུབ། ཧ་ལས་ན་ཆམ་པ་ལྕི་མོ་ཞིག་འཕོག་སྲིད་ཅེས་ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་དུའང་དེ་ལྟར་བཤད། ེང་སྐབས་ཉིན་ལྟར་བྷར་ཛིལ་རྒྱལ་ཁབ་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་ཕོག་པའི་གྲངས་འབོར་དང་ནད་མནར་གྱི་གྲངས་འབོར་ཇེ་ང་དུ་འགྲོ་བཞིན་ཡོད་པ་ཚབས་ཆེན་ཞིག་མ་རེད་ཅེས་བཤད། དེར་བརྟེན་ཨ་མི་རི་ཀའི་འཕྲོ་ནས་བྷར་ཛིལ་རྒྱལ་ཁབ་འཛམ་གླིང་འདིའི་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་མང་ཤོས་ཨང་གཉིས་པ་གྱུར། གལ་སྲིད་བྷར་ཛིལ་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྔོན་འགོག་ཤུགས་ཆེན་པོ་ཞིག་བྱེད་མ་ཐུབ་ཚེ། ད་ལོའི་ཕྱི་ཟླ་༨་པ་ཡས་མས་སུ་བྷར་ཛིལ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་༡༢༥༠༠༠་ཟིན་རྒྱུ་རེད་ཅེས་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་ནང་གི་ཏོག་དབྱིབས་རིམས་ནད་དང་འདས་མཆོད།
ཨུ་རུ་སུའི་ནང་གི་ཏོག་དབྱིབས་རིམས་ནད་དང་འདས་མཆོད།

ཕྱི་ཟླ་༥་པའི་ཚེས་༢༧་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་རང་ཡུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་ངར་ཤུགས་ཆག་འདུག་ཅེས་བཤད། གཟའ་ལྷག་པའི་ཉིན་ཨུ་རུ་སུའི་གཞུང་གིས་ད་ལྟའི་བར་དུ་ཏོག་དབྱིབས་ནད་དུག་གིས་མི་༨༣༣༨ལ་འཆི་སྐྱོན་བྱུང་སོང་། མི་༣༧༠༦༨༠་ལ་ནད་དུག་འགོས་འདུག་ཅེས་བསྒྲགས། ཡིན་ནའང་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོ་དང་དེ་མིན་གྱི་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་གཞུང་གིས་མི་ལ་འཆི་སྐྱོན་དང་ནད་དུག་འགོས་ཡོད་པའི་གྲངས་འབོར་སྦ་གསང་བྱེད་ཀྱི་ཡོད་པའི་དོགས་པ་འདུག་ཅེས་གླེང་ཐོག་མར་ཨུ་རུ་སུར་ཏོག་དབྱིབས་རིམས་ནད་ཁྱབ་པའི་དུས་སུ་སྲིད་འཛིན་ཕུ་ཀྲིན་དངོས་སུ་ཐོན་ནས་སྔོན་འགོག་གི་ལས་དོན་གང་ཡང་མ་བསྒྲུབས། ཨུ་རུ་སུའི་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཚུལ་བཞིན་བྱས་ནས་དཀའ་ངལ་མེད། ང་ཚོས་ཨ་མི་རི་ཀ་དང་ཨི་ཊ་ལི། སི་པེན་སོགས་ཡུ་རོབ་རྒྱལ་ཁབ་ཁག་ལ་རིམས་ནད་སྔོན་འགོག་གི་རྒྱབ་སྐྱོར་བྱེད་ཆོག་ཅེས་ཨ་རི་དང་ཡུ་རོབ་ལ་སྨན་ཆས་སོགས་རོགས་སྐྱོར་བྱས། འོན་ཀྱང་དེ་ནས་ཡུན་རིང་མ་འགོར་པར་ཨུ་རུ་སུ་རྒྱལ་ཡོངས་ལ་ཏོག་དབྱིབས་རིམས་ནད་སྤང་ལ་མེ་ཤོར་པ་ལྟར་ཁྱབ་འགོ་ཚུགས། ཨུ་རུ་སུའི་རྒྱལ་ཡོངས་སྨན་པའི་མཐུན་ཚོགས་ཀྱི་འགོ་ཁྲིད་ཨ་ན་སི་ཏ་སི་ཡ་ཝྭ་སི་ལི་ཡེ་ཝྭསྲིད་འཛིན་ཕུ་ཀྲིན་དང་གཞུང་གི་འགོ་ཁྲིད་ཚོས་རང་ཡུལ་ལ་ཏོག་དབྱིབས་རིམས་ནད་ཁྱབ་མེད་ཅེས་རྫུན་བཤད་ཀྱི་འདུག ཨུ་རུ་སུར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་འདུག་ཅེས་ཐེར་འདོན་བྱས་པས་སྨན་པཝྭ་སི་ལི་ཡེ་ཝྭབཀག་ཉར་བྱས་ཀྱང་སྲིད་བློན་མཱི་ཤུ་སི་ཊིན་སོགས་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོར་ཏོག་དབྱིབས་ནད་དུག་འགོས་པའི་རྗེས་སུ་སྦ་གསང་བྱེད་མི་ཐུབ་པར་གྱུར་ཡོད་པ་རེད།།

ལོ་འདིའི་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཉམས་མྱོང་ལ་གཞིགས་ན་ཌོ་ནལ་ཊམ་དང་བྷོལ་སོ་ན་རོ། ཕུ་ཀྲིན་སོགས་འགོ་ཁྲིད་ཨུ་ཚུགས་ཅན་དང་རང་ཤེད་ཅནམི་དམངས་ཀྱི་མདུན་དུ་རང་ཉིད་མཁྲེགས་པོ་ཡིན་པའི་རྣམ་པ་སྟོན་འདོད་ཆེ་བ། དོན་དངོས་དང་ཆེད་ལས་མཁས་པའི་ལམ་སྟོན་ལ་ཉན་འདོད་མེད་པའི་འགོ་ཁྲིད་ཚོ་ཛ་དྲག་གི་ནད་ཡམས་དུས་སུ་འཇོན་ཐང་མེད་པ་ར་འཕྲོད་འདུག དཔེར་ན་སྐབས་ཤིག་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱི་སྙན་གྲགས་དགུང་ལ་འཕར། ད་ལྟ་ཕུ་ཀྲིན་གྱི་ལས་དོན་སྒྲུབ་ཕྱོགས་ལ་རྒྱབ་སྐྱོར་ཡོད་པའི་མི་གྲངས་བརྒྱ་ཆ་༥༩་ལས་མེད་པ་སྟེ། ཨུ་རུ་སུའི་སྲིད་དོན་ཚན་རིག་པ་ཨ་ལིཀ་ཟན་ཌར་ཁི་ནེབ་ཀྱིས་མོ་སི་ཀོའི་དུས་བབ་ཚགས་པར་གྱི་གསར་འགོད་པར་ཕུ་ཀྲིན་ནི་སྔར་བཞིན་འགོ་ཁྲིད་དབང་ཐང་ཅན་ཞིག་མ་རེད་ཅེས་བཤད། དེ་བཞིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལའང་རིམས་ནད་སྔོན་འགོག་གི་འཇོན་ཐང་མི་འདུག ཁོང་གིས་རིམས་ནད་སྔོན་འགོག་གི་ལས་དོན་འཐུས་ཤོར་བཏང་སོང་ཞེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་སོང་། ད་ལྟ་ཨ་རིའི་སྤྱི་ཚོགས་སུ་ཌོ་ནལ་ཊམ་གྱི་ལས་དོན་སྒྲུབ་ཕྱོགས་ལ་མོས་མཐུན་མེད་མཁན་ཇེ་མང་། ལྷག་པར་དུ་ལོ་འདིའི་སྲིད་འཛིན་འོས་འདེམས་དུས་སུ་ཌོ་ནལ་ཊམ་བསྐྱར་དུ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་འབྱུང་མི་ཐུབ་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་འདུག ཉམས་ཞིབ་པ་ཁག་ཅིག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོས་མྱུར་དུ་རང་ཡུལ་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་བྱ་དགོས། དེ་ལྟར་མ་བྱུང་ན་སྲིད་འཛིན་བྷོལ་སོ་ན་རོ་གནས་དབྱུང་གཏོང་སྲིད་པའི་ཉེན་ཁ་ཆེ། ཁོང་ནི་རྒྱལ་ཁབ་གཅིག་གི་འགོ་ཁྲིད་ཏོག་དབྱིབས་ནད་དུག་གིས་མགོ་རྟི་སློག་པ་ཨང་དང་པོ་དེར་འགྱུར་སྲིད་ཅེས་སྔོན་བརྡ་བཏང་འདུག

XS
SM
MD
LG