ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་ནད་དུག་སྐོར་གྲོས་སྡུར།


༄༅།། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་གཟའ་ཟླ་བ་ཉིན་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འགོ་ཁྲིད་ཚོ་དང་སྲིད་འཛིན་ཌོ་ནལ་ཊམ་ཐུག་འཕྲད་ཀྱིས་ནད་ཡམས་ཁྱབ་གདལ་དུས་སུ་རོགས་སྐྱོར་མ་དངུལ་སྤྲོད་རྒྱུའི་འཆར་གཞི་ཞིག་ལ་གྲོས་མོལ་བྱ་རྒྱུ་ཡིན་ཞིང་། འདི་ནི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་མང་གི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་གྱིས་ཉིན་འགའི་རིང་གྲ་སྒྲིག་བྱས་ནས་བཟོས་པའི་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་གི་འཆར་གཞི་ཞིག་ཡིན་པ་སོགས་ཀྱི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG