ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧྭ་ཝེ་དང་ཧེ་ཁཱང་བཟོ་ཚོང་ཁང་ལ་རྒྱ་ནག་གི་དམག་གི་རྒྱབ་སྐྱོར་ཡོད་སྐད།


༄༅།། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྲུང་སྡེ་ཚན་གྱིས་རྒྱ་ནག་གི་དམག་གི་རྒྱབ་སྐྱོར་ཡོད་པའི་བཟོ་ཚོང་ལས་ཁང་༢༠་ཐམ་པའི་མིང་ཐོ་ཞིག་བཏོན་ཡོད་ཅིང་། མིང་ཐོ་དེ་དག་གི་ཁོངས་སུ་རྒྱན་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དང་ཧིཀ་ཝྭི་ཤཱིན་ནམ། རྒྱ་སྐད་ལ་ཧེ་ཁཱང་ཟེར་པའི་པར་ཆས་བཟོ་ཚོང་ཁང་གཉིས་ཚུད་ཡོད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་གོང་འཁོད་བཟོ་ཚོང་ཁང་གཉིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པའམ། ཡང་ན་རྒྱ་ནག་གི་དམག་གི་རྒྱབ་སྐྱོར་ཡོད་པ་གཏན་ཁེལ་བྱས་འདུག་པའི་སྐོར་གྱི་གནས་ཚུལ་ཁག་ཅིག་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG