ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༤/༡༡/༠༧
ཨ་རི།
ཕྱི་སྲིད་དྲུང་ཆེ་གསར་པས་རྒྱ་ནག་ལ་འཛིན་པའི་ཐབས་ཇུས།
༢༣།༠༡།༢༠༢༡
)
ཕྱི་སྲིད་དྲུང་ཆེ་གསར་པས་རྒྱ་ནག་ལ་འཛིན་པའི་ཐབས་ཇུས།
པར་འདེབས་པ།
Embed
share
ཕྱི་སྲིད་དྲུང་ཆེ་གསར་པས་རྒྱ་ནག་ལ་འཛིན་པའི་ཐབས་ཇུས།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:39
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། ཉེ་ཆར་ཨ་མི་རི་ཀའི་སྲིད་གཞུང་གསར་རྙིང་གཉིས་ལ་སྲིད་དབང་རྩིས་སྤྲོད་རྩིས་ལེན་གྱི་འཐབ་རྩོད་བྱུང་བའི་སྐབས་དང་བསྟུན་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཊམ་གྱི་གཞུང་འཛིན་ལྷན་ཁང་གི་འགོ་ཁྲིད་ཟུར་པ་ཁག་ཅིག་ལ་ཉེས་ཆད་བཅད་པ་ཡིན་ཞེས་བསྒྲགས། ཨ་རིའི་སྲིད་འཛིན་ལས་ཐོག་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་དེ་ལ་ཡ་ལན་ནན་པོ་ཞིག་སློག་ཡོད་པ་སྟེ། ཕྱི་སྲིད་དྲུང་ཆེ་གསར་པ་བྷ་ལིན་ཁེན་གྱིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་བཟུང་བ་རྣམས་ང་ཚོས་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད། ཉེ་སྔོན་ཁོང་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཉན་ཞིབ་བྱས་པའི་སྐབས་སུའང་སྲིད་གཞུང་གསར་པས་སྤྱི་མཐུན་ཚོགས་པར་མཉམ་འབྲེལ་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་པའི་རྣམ་འགྱུར་བསྟན། ཁོང་གི་སྐད་ཆ་དེས་མ་འོངས་པའི་ལོ་བཞིའི་རིང་ལ་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ནི་སྔོན་བཞིན་མཁྲེགས་པོ་བྱ་རྒྱུའི་བརྡ་ཞིག་བཏང་བ་རེད་ཅེས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་འགོ་ཚུགས་འདུག
རྒྱ་ནག་གིས་ཨ་རིའི་སྲིད་གཞུང་གསར་རྙིང་གཉིས་དབང་ཆ་རྩིས་སྤྲོད་རྩིས་ལེན་གྱི་སྔ་ཉིན་དེར་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ལ་ཉེས་ཆད་བཅད། ཁོང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་གི་ཡོད་པ་དང་འགྲོ་བ་མིའི་རིགས་ལ་གནོད་འཚེ་གཏོང་གི་འདུག་ཅེས་གཏམ་བཤད་སྤེལ། ཕྱི་སྲིད་དྲུང་ཆེ་གསར་པ་བྷ་ལིན་ཁིན་གྱིས་ཀྱང་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ཡི་གཏམ་བཤད་དེར་མོས་མཐུན་ཡོད། སྲིད་འཛིན་ཊམ་གྱི་དུས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་ལ་འཛིན་པའི་ཁྲིམས་ཡིག་གཏན་འབེབས་བྱས་ཡོད་པ་རྣམས་ལག་ལེན་བསྟར་རྒྱུ་ཡིན། འདི་ནི་ཨ་རིའི་གཞུང་དམངས་གཉིས་དང་སྲིད་དོན་ཚོགས་པ་གཉིས་ཀ་ལངས་ཕྱོགས་གཅིག་གྱུར་དང་མངོན་འདོད་གཅིག་གྱུར་ཡིན་ཞེས་བཤད།།
གཟའ་འཁོར་འདིར་ཇཱོ་བྷ་ཌན་གྱིས་དངོས་སུ་ཨ་རིའི་སྲིད་འཛིན་གསར་པའི་ལས་འཁུར་དམ་འབུལ་ཞུས་པའི་སྐབས་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་མངའ་ཁོངས་བདག་དབང་ལ་གནོད་པ་ཚབས་ཆེན་སྐྱེལ་མཁན་སོགས་ཀྱི་ཉེས་མིང་བཏགས་ནས་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་༢༨་དང་དེ་དག་གི་བཟའ་མི་བུ་ཕྲུག་བཅས་པ་རྒྱ་ནག་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་སུ་ཡོང་མི་ཆོག་ཅེས་ཉེས་ཆད་བཅད། མི་༢༨་དེ་དག་ལ་རྒྱ་ནག་གི་ཁེ་ལས་ཁག་གིས་ཚོང་འབྲེལ་འཛུགས་མི་ཆོག་ཅེས་བཀག་འགོག་བྱས་འདུག རྒྱ་ནག་གིས་ཉེས་ཆད་བཅད་པ་དེའི་ཁོངས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་དང་རྒྱལ་སྲུང་བདེ་འཇགས་སློབ་སྟོན་པ་ཟུར་པ་ཨོ་བྷི་རེན། ཕོ་བྲང་དཀར་པོའི་ཚོང་དོན་སློབ་སྟོན་པ་ཕི་ཊར་ན་ཝྭ་རོ་དང་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་ཟུར་པ་ཨ་ལིཀ་སི་ཨེ་ཛར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ཟུར་པ་ཁེ་ལི་ཁ་ར་ཧྥོ་ཊི་བཅས་འདུས།།
སྲིད་འཛིན་བྷ་ཌན་གྱི་སྲིད་གཞུང་གསར་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་ཧོ་རེན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་ཨ་རིའི་སྲིད་འཛིན་གསར་པའི་ལས་ཁུར་དམ་འབུལ་གྱི་མཛད་སྒོའི་ཉིན་མོར་སྲིད་གཞུང་སྔོན་མའི་མཐོ་རིམ་ལས་སྣ་ཁག་ལ་ཉེས་ཆད་བཅད་པ་ནི་ངལ་བ་འབྲས་མེད་དུ་འགྱུར་ངེས་རེད། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀར་མི་མཐུན་པའི་འགལ་ཟླ་ཡོད་པར་རྒྱ་ནག་གིས་དབྱེན་སྦྱོར་བྱས་ནས་འགལ་ཟླ་ཆེ་རུ་གཏོང་འདོད་ཀྱི་ཀུན་སློང་ཞིག་འཆང་འདུག འོན་ཀྱང་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་རྒྱ་ནག་གི་སྤྱོད་ངན་འདི་རྣམས་ཐེར་འདོན་བྱ་དགོས་ཞེས་ཡ་ལན་སློག ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པ་བྷ་ལིན་ཁིན་གྱིས་ཀྱང་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་ཞིན་ཅང་གི་ཅང་ཡུ་གུར་བའི་གནད་དོན་དང་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་སོགས་སྲིད་གཞུང་སྔོན་མས་གཏན་ལ་ཕབ་ཡོད་པ་རྣམས་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད་ཡོད་པས་ཨ་མི་རི་ཀས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་བཟུང་ཡོད་པ་རྣམས་རྒྱུན་འཁྱོངས་བྱ་ངེས་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།
འབྲེལ་ཡོད།
གྲྭ་བསྟན་འཛིན་ཉི་མར་མནར་གཅོད་བཏང་སྟེ་འདས་གྲོངས།
ཨ་རིའི་བོད་དོན་ཁྲིམས་ཡིག་གིས་རྒྱ་ནག་ལ་ཁ་གཏད་བཅག་པ།
Back to top
XS
SM
MD
LG