ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

འོས་བསྡུ་དང་འབྲེལ་བའི་དཔལ་འབྱོར་འདུ་འགོད་ཀྱི་སྒྲིག་གཞི་ཞིག་དགོས་སམ།


དེ་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་འཐུས་སྐབས་བཅོ་ལྔ་པ་དང་མི་མང་གིས་ཐད་ཀར་འོས་བསྡུ་བྱེད་བའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་བཅས་པའི་འོས་དམིགས་ཚོའི་ཐོག་དོ་སྣང་སྔར་ལས་ལྷག་པ་བྱེད་བཞིན་པ་དང་ དུས་མཚུངས་ད་ཆ་བཀའ་ཁྲིའི་འོས་དམིགས་སོ་སོར་རྒྱབ་སྐྱོར་བས་འོས་བསྡུའི་ཆེད་དུ་དཔལ་འབྱོར་འདུ་འགོད་བྱེད་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། དེ་འདྲའི་ཆ་ནས་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཙམ་མིན་པར་ས་གནས་འགན་འཛིན་སོགས་འོས་བསྡུ་དང་འབྲེལ་བའི་དཔལ་འབྱོར་ཡོང་ཁུངས་ཁ་གསལ་དགོས་ངེས་ཀྱི་གནད་དོན་སོགས་ཀྱི་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྒྲིག་གཞི་གསར་པ་ཁག་ཅིག་ངེས་པར་དུ་གཏན་འབེབས་དགོས་པའི་དུས་ལ་བབ་ཡོད་ལུགས་སྐོར་འདི་གའི་ལས་བྱེད་པདྨ་བདེ་ཆེན་ལགས་ཀྱིས་ བོད་གཞུང་གི་གཞུང་ཞབས་ཟུར་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དབུ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ལ་གནས་འདྲི་ཞུས་པའི་ལན་དུ་གསུངས་འངུག

XS
SM
MD
LG