ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་སྐྱོང་མཆོག་གིས་སྟག་སྣ་འཇིགས་བཟང་པའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།


(Tibet.net)
གཟའ་པ་སངས་ཉིན་རྒྱ་གར་རྡ་རམ་ས་ལར་སྲིད་སྐྱོང་མཆོག་གིས་བཙོན་ཁང་དུ་ལོ་དུས་རིང་ཤོས་བཞུགས་མཁན་བོད་པ་སྲིད་དོན་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་ལོ་རྒྱུས་དཔེ་དེབ་སྟེ། ”མི་ཚེའི་མྱོང་ཚོར་”ཞེས་པ་དབུ་བྱེད་གནང་འདུག་ཅིང་། ད་ལྟ་སྲིད་དོན་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་དགུང་གྲངས་༨༦་ལ་ཕེབས་ཡོད་པ་དང། ཉེ་ཆར་ཁོང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཆེ་བསྟོད་ཞུས་པ་མ་ཟད། སྲིད་སྐྱོང་མཆོག་གིས་སྲིད་དོན་བཙོན་ཟུར་དེའི་ལོ་རྒྱུས་ནས་རྒྱ་གཞུང་གིས་བོད་ལ་མཁྲེགས་འཛིན་གྱི་སྲིད་བྱུས་ཇི་ལྟར་ལག་ལྟར་བྱས་པ་གསལ་པོར་མཐོང་ཐུབ་ཅེས་གསུངས་པའི་སྐོར། བསོད་ནམས་གཡང་འཛོམས་ལགས་ཀྱིས་གནས་ཚུལ་ཞིབ་ཕྲ་སྙན་སྒྲོན་ཞུས་པ་དེར་གསན་རོགས་གནང་།
XS
SM
MD
LG