ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་པ་བཙན་བྱོལ་བའི་དྲྭ་རྒྱ་ཁག་ལ་འཇབ་རྒོལ་བྱུང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་པ་བཙན་བྱོལ་བའི་དྲྭ་རྒྱ་ཁག་ལ་འཇབ་རྒོལ་བྱུང་བ།

༄༅།། ཉེ་ཆར་ཨ་རིའི་དྲྭ་རྒྱའི་བདེ་འཇགས་དང་འཐབ་ཇུས་ཚོང་ལས་ཁང་གིས་འདོན་སྤེལ་བྱས་པའི་སྙན་ཐོ་དེར་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་དྲྭ་རྒྱའི་འཇབ་རྒོལ་ཚན་པ་ཞིག་གིས་དྲྭ་ལམ་གྱི་འཐབ་ཇུས་གསར་པ་ཞིག་བརྒྱུད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དྲྭ་རྒྱ་ཁག་ལ་འཇབ་རྒོལ་ཚབས་ཆེན་ཞིག་བྱས་འདུག་ཅེས་བཀོད་ཡོད་ཅིང་། ཨ་རིའི་ཉམས་ཞིབ་ཁང་དེས་བོད་དོན་ལས་འགུལ་བསྟི་གནས་ཁང་ངམ། བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ལ་འབྲེལ་བ་བྱས་ཏེ་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་འཕྲད་བཞིན་པའི་དྲྭ་རྒྱའི་འཇབ་རྒོལ་གསར་པའི་དཀའ་ངལ་རྣམས་གསལ་སྟོན་གནང་འདུག བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོས་ཐེངས་འདིའི་དྲྭ་འབུ་ནི་གནས་ཚུལ་གསར་པ་ཞིག་མ་རེད། དེ་སྔ་༢༠༡༣་ལོ་དང་༢༠༡༩་ལོ་ལའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དྲྭ་འབུ་བཏང་མྱོང་ཡོད་པར་མ་ཟད། བོད་མིའི་གནས་སྟངས་དང་སྟབས་བསྟུན་ནས་དྲྭ་འབུ་གཏོང་མཁན་ཚོའི་འཐབ་ཇུས་ལ་འགྱུར་བ་གཏོང་གི་འདུག་ཅེས་བརྗོད་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ།།

XS
SM
MD
LG