ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སྐད་འཕྲིན་སོགས་རྒྱ་ནག་གི་བཀལ་ཆས་༥༩་རྒྱ་གར་གྱིས་བཀག་སྡོམ་བྱ་རྒྱུ།


༄༅།། ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་གི་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་འཁྲུག་རྩོད་བྱུང་བའི་རྗེས་སུ་རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་ལ་ཚོང་འབྲེལ་གཅོད་དགོས་ཞེས་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཁ་སང་ཕྱི་ཚེས་༢༩་ཉིན་རྒྱ་གར་གཞུང་གིས་མི་དམངས་ཀྱི་བདེ་འཇགས་ཆེད་དུ་རྒྱ་ནག་གིས་བཟོས་པའི་བཀལ་ཆས་༥༩་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱས་འདུག རྒྱ་ནག་གིས་བཟོས་པའི་བཀོལ་ཆས་དེ་རྣམས་ལག་ཐོགས་ཁ་པར་ནང་ལ་ཕབ་ལེན་བྱེད་ཆོག་པས་རྒྱ་གར་མི་དམངས་ཀྱིས་ཕན་ཚུན་སྐད་ཆ་བཤད་པ་དང་གནས་ཚུལ་གཏོང་ལེན་བྱས་པ་རྣམས་རྒྱ་ནག་གིས་ལྟ་ཉན་བྱེད་ཐུབ་པ་དང་རྐུ་འཁྱེར་བྱེད་ཐུབ་ཀྱི་ཡོད་པས་རྒྱ་གར་མི་དམངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པ་རེད།།

རྒྱ་གར་གཞུང་གིས་བཀག་སྡོམ་བྱ་རྒྱུའི་རྒྱ་ནག་གི་བཀལ་ཆས་དེ་དག་གི་གྲས་སུ་བོད་ཕྱི་ནང་གཉིས་སུ་བཀོལ་སྤྱོད་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པའི་སྐད་འཕྲིན་དང་ཊིཀ་ཊོཀ་སོགས་འདུས། བོད་དོན་ལས་འགུལ་བསྟེ་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བློ་བཟང་རྒྱ་མཆོ་ལགས་ཀྱིས་རྒྱ་ནག་གིས་བཟོས་པའི་བཀོལ་ཆས་དེ་རྣམས་བཀག་སྡོམ་བྱ་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་ལ་བཀོལ་ཆས་དེ་དག་གི་བཀོལ་སྤྱོད་ཀྱི་སྒྲིག་ཁྲིམས་ཡར་རྒྱས་གཏོང་དུ་བཅུག་ན་དགེ་མཚན་ཞེས་བཤད། དེ་རིང་ཕྱི་ཚེས་༣༠་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་གར་གཞུང་གིས་རྒྱ་ནག་གི་བཀོལ་ཆས་དེ་རྣམས་བཀག་སྡོམ་བྱེད་བཞིན་པར་སེམས་འཚབ་ཡོད། ང་ཚོས་དེ་ལ་དབྱེ་ཞིབ་བྱེད་བཞིན་ཡོད་ཅེས་བརྗོད་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG